[A:༡༢༩བ]ཞིག་འདུག་པ་ལ། རྗེའི་གསུང་གིས། ཆོས་རྗེ་ལས་ཆེན་པ་ཁྱེད་ད་ལམ་སྔར་ལས་སྐུ་མདངས་སོགས་ལོད་པ་འདུག་པ་སྙུང་བ་སོགས་མ་བྱུང་ངམ་གསུངས་པས། ཆོས་རྗེ་ཁོང་ཤིན་ཏུ་ངོ་ནག་པོའི་རྣམ་པས། བདག་ན་བ་བཞིན་མ་བྱུང་ནའང་། བདག་ཚོ་ལ་མཐུན་རྐྱེན་སྒྲུབ་པའི་ཕོ་ལྷ་ཞིག་ཡོད་པ། ན་ནིང་བདག་ཆེན་འཇམ་པའི་དབྱངས་ཀྱི་མ་ཆེན་ལ་རྗེ་རིན་པོ་ཆེས་བྱིན་རླབས་གནང་བས། སྐབས་དེར་མ་ཆེན་དྲན་མེད་དུ་བརྒྱལ་འདུག་པ་དེ་དུས་བདག་ཚོའི་ལྷ་དེ་ཚེ་འཕོས་ནས། བདག་ཚོའི་ཉེ་འབྲེལ་རྣམས་དང་གདུལ་བྱའི་རྒྱུན་སོགས་ཅུང་ལོད་དུ་སོང་བ་ཡིན་ལགས་ཞེས་ཞུས་སོང་ངོ་། །ཞེས་རྗེའི་ཞབས་དྲུང་དུ་ཡུན་རིང་བསྡད་པ་བརྫུན་མི་ཟེར་བ་དག་གི་ངག་ལས་ཐོས་སོ། །དེ་ལྟར་རྗེ་བཙུན་མཐུ་སྟོབས་ཀྱི་དབང་ཕྱུག་འདིས་གནས་སྤོར་མ་མཛད་པའི་སྔོན་དུ་ཇོ་བོ་ཤར་པར་གྲགས་པའི་འབྱུང་པོ་འདི་གདུག་རྩུབ་ཤིན་ཏུ་ཆེ་བས། གདན་ས་ཆེན་པོའི་སྐྱེ་བོ་དྲག་ཞན་ཕལ་ཆེར་གྱིས་སྐུ་རྟེན་འཛུགས་པ་དང་། མཆོད་