[A:༡༣༠ན]འཕྲིན་སོགས་ལ་འབད་དགོས་པ་ཡིན་ནའང་། དེང་སང་མིང་ཙམ་ཡང་མི་གྲགས་པ་འདི་ནི་ཤིན་ཏུ་ཡིད་ཆེས་ཤིང་ངོ་མཚར་བའི་གནས་རྨད་དུ་བྱུང་བ་ཡིན་ནོ། །ཆོས་ལས་པ་དེར་འབྱུང་པོ་འདིས་མཐུན་རྐྱེན་བསྒྲུབས་པའི་རྒྱུ་མཚན་ནི། ཆོས་རྗེ་དེའི་ཡབ་རི་ཁྲོད་འགྲིམས་པའི་རྣལ་འབྱོར་པ་ཞིག་ཡིན་པ་ལ། ལན་གཅིག་ས་སྐྱའི་ཕུའི་རི་ལྡེབས་ཤིག་ལ་ཕྱིན་པས། མཚན་མོའི་རིང་ལ་མེ་འོད་ཁྲོམ་ཁྲོམ་ཡོང་བ་ཞིག་འདུག་པ་ཅི་ཡིན་བསམས་པ་ལ། ཉིན་ཞིག་དེ་ཕྱོགས་ཕྱིན་པས་སྔར་མཐོང་མ་མྱོང་བའི་བཙུན་པ་ཞིག་དང་འཕྲད་བྱུང་བ། ཁྱེད་སུ་ཡིན་དྲིས་པས། ངེད་ཇོ་བོ་ཤར་བ་ཟེར་བ་ཞིག་ཡིན། ངེད་རྒྱལ་རྩེ་སྐུ་གཉེར་ཡོན་ཏན་ཅན་ཞིག་ཡིན་པ་ལ། ངེད་ལ་གཞན་གྱིས་ཕྲ་མ་བཅུག་སྟེ་སྡེ་སྲིད་ཀྱི་བཙུན་མོ་དང་གཏམ་ཆ་ཞིག་བྱུང་བས། གོང་ནས་བཀའ་བཀྱོན་ཕོག་པས། ངེད་ཀྱིས་རྒྱལ་རྩེ་པའི་སྡེ་པ་རྣམས་ལ་སྨོན་ལམ་ལོག་པ་བཏབ་པའི་རྐྱེན་