[A:༡༣༧བ]པོའི་སྐུ། ཚད་ཐོག་དཔང་གཅིག་ཙམ་བྱས་པ། ཞལ་ཤར་ཕྱོགས་སུ་གཟིགས་པའི་སྐུ་མདུན་དུ་ཏིང་བདུན་ཆ་ཆེ་བ་ཞིག་ཡོན་ཆབ་དྭངས་མས་བཀང་ནས་འཛིན་མཁན་སོགས་མེད་པ་བར་སྣང་དེ་ཀར་བགྲེངས་ཚར་དུ་འདུག་པ་གཟིགས་པས། ཐུགས་དད་ལྷག་པར་གཡོས་ནས་གསོལ་བ་དྲག་ཏུ་བཏབ་པའི་མནལ་ལམ་ཤིན་ཏུ་གསལ་བ་བྱུང་གསུངས་པ་ནི། རྗེ་ས་སྐྱ་པ་ཆེན་པོས་རྗེས་སུ་བཟུང་བའི་མཚན་མར་སྣང་ཞིང་། ཡང་ས་སྐྱར་ཕེབས་པ་སྔ་མ་ཞིག་ལ་ཁོ་བོས་འདོད་ཆོས་འདྲ་གསོལ་བ་བཏབ་པས། རེ་ཞིག་ཟུར་ཁང་གི་རྗེ་བཙུན་གྱི་སྐུ་འདྲ་མཛེ་ཐོད་མའི་དྲུང་དུ་ཆོས་རྣམས་མ་དང་། ཞབས་སྐོར་འབུམ་ཐེར་མཛད་དགོས་པ་འདུག་གསུངས་ནས་དེ་བཞིན་གནང་བས། ཉིན་གཅིག་གི་མནལ་དང་འོད་གསལ་འདྲེས་པའི་གཟིགས་སྣང་ལ། རྗེ་བཙུན་གྱི་སྐུའི་འགྲམ་ནས་བུད་མེད་ཅིག་དང་། སྔགས་པ་འདྲ་བའི་ཁྱེའུ་གོས་དཀར་གྱོན་པ་ཞིག་བྱུང་ནས། རྗེ་ཉིད་ཀྱི་སྐུ་ལ་ཕྱག་གིས་རེག་བྱུང་བས།