[A:༡༤༨ན]བཞིན་བརྒྱུད་པ་ཇི་ལྟར་ཡོད། །ཅེས་གསུངས་ནས། དྲི་བ་པོ་རང་གི་དགོངས་བཞེད་ནི། ཉིད་ཀྱིས་མཛད་པའི་སྙན་བརྒྱུད་རིན་ཆེན་ལྡེ་མིག་ཏུ། གྱི་ལྗང་ཡོངས་གྲགས་ཀྱི་བརྒྱུད་པ་འདྲེན་པར་མཛད་པའི་རྗེས་སུ། དེ་ནས་མ་བརྒྱུད་པའི་བཅུ་བདུན་མའི་དབང་གི་བརྒྱུད་པ་ཞིག་ཀྱང་འདྲེན་པར་མཛད་འདུག་པ་བཞིན། ཁོ་བོས་བསྟན་བཅོས་འདིར་ཡང་གོང་དུ་བཀོད་པ་ལྟར་ཡིན་པས། དེས་ན་གྱི་ལྗང་ལས་མ་བརྒྱུད་པའི་བཅུ་བདུན་མ་ཞིག་ནི་རྗེ་ཚར་ཆེན་རང་ཡང་ཡོད་པར་བཞེད་རྒྱུར་སྣང་ཞིང་། གཅེར་བུ་ཟངས་གྲི་ཅན་དང་། བྲན་བདུད་ཀྱི་རྗེས་གནང་གི་བརྒྱུད་པ་ནི། གྱི་ལྗང་། མལ་ལོ། ས་ཆེན། ཡར་བསྒོམ་སེ་བོ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ལུང་པ་སེང་རྒྱལ། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་གར་ཤེས་རབ་རྒྱལ་མཚན། པཎ་