[A:༡༤༨བ]ཆེན་འབུམ་ཕྲག་གསུམ་པ། ཆོས་རྗེ་གོང་དཀར་ཚུལ་ཁྲིམས་པ། རྗེ་ཚར་བ། རྗེ་མཁྱེན་བརྩེ་བ། རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ལའོ། །ཡང་ན་མཁྱེན་བརྩེ་བའི་རྗེས་སུ། རྗེ་བྱམས་པ་རབ་བརྟན། ཆོས་རྗེ་སྙིང་རྗེ་བཟང་པོ། རྗེ་སྤྱན་སྔ་བ་མན་འདྲའོ། །ཡང་ན་ཚར་ཆེན་གྱི་རྗེས་སུ། རྗེ་མཻ་ཏྲི་པ། སྤྱན་སྔ་བ་ཆོས་རྒྱ་མཚོ། ལོ་ནས་ཀུན་དགའ་དོན་གྲུབ་མན་འདྲ། དེ་དག་ནི་གྱི་ལྗང་ནས་བརྒྱུད་ཚུལ་བཀོད་པ་ཡིན་ལ། ལས་མཁན་དེ་དག་གི་རྗེས་གནང་གི་བརྒྱུད་པ་ལུགས་གཞན་ནི་འོག་ཏུ་འཆད་དོ། །གཉིས་པ་རྗེས་གནང་གི་བཀའ་མ་ནུབ་པ་ནི། དིང་སང་ལྕམ་དྲལ་དུ་གྲགས་པ་ལྷ་གསུམ་གྱི་རྗེས་གནང་། མཁའ་འགྲོ་སྦགས་སྒྲུབ་ཏུ་གྲགས་པ་ལྷ་བརྒྱད་ཀྱི་རྗེས་གནང་། ལྷ་བརྒྱད་ཀྱི་སྟེང་དུ་གདོང་བརྙན་སྒོ་མ་