[A:༡༤༩བ]རྗེས་གནང་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པ་གཉིས་ལས། འདི་ལ་ཡི་གེ་ཨ་གཉན་དམ་པས་མཛད་པ་དང་། ཡར་ལུང་པས་ནག་པོ་འགྲོ་ཤེས་དང་། རྗེ་ཚར་པ་དང་སྔགས་འཆང་ཆེན་པོས་མཛད་པ་ཡོད་པ་ལས། ད་ལྟ་ཕྱི་མ་གཉིས་པོ་གང་རུང་གི་སྟེང་ནས་གནང་བ་ཡིན་ཞིང་། འདིའི་ཞལ་ངོ་ནང་བརྒྱུད་ཀྱི་བླ་མ་བརྒྱུད་པའི་རིམ་པ་ནི་གོང་དུ་བརྗོད་པས་རྟོགས་ནུས་པ་ཡིན་ལ། ངོར་ལུགས་ཀྱི་བརྒྱུད་པ་ནི། དམ་པ་ཀུན་དགའ་གྲགས་ཡན་གཞན་དང་འདྲ་བ་ལས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། གྲུབ་ཆེན་དཀོན་བློ། རྗེ་སངས་རིན། རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན།