[A:༡༤༩ན]བཞི་བསྣན་པ་ལྷ་བཅུ་གཉིས་མའི་རྗེས་གནང་། ལས་མགོན་པུ་ཏྲ་མིང་སྲིང་གི་རྗེས་གནང་སྟེ། བཞི་པོ་འདི་ལ་བདག་ཆེན་བློ་གྲོས་རྒྱལ་མཚན་པའི་གསུང་གིས་རྗེས་གནང་འདི་བཞི་ཡོངས་སུ་གྲགས་ཤིང་མེད་མི་རུང་ཡིན་པས་གཅེས་པར་བྱ་ཞིང་། དེ་བཞི་ཐོབ་ནས་མན་ངག་མཐའ་དག་ཉམས་སུ་ལེན་རུང་བ་ཡིན་པས། རྣམ་གྲངས་མང་པོ་ཆོས་ཀྱི་ཟབ་ཁྱད་ཙམ་ཡིན་ནོ་ཞེས་གསུངས་པར་གྲགས་ཤིང་། གཞན་ཡང་རྒྱས་པའི་ཡན་ལག་ཏུ་ཁྲོ་བཅུའི་རྗེས་གནང་། བྲན་བདུད་གཤིན་རྗེ་ནག་པོའི་བཀའ་གཏད། ཟངས་གྲི་ཅན་གཉིས་ཀྱི་རྗེས་གནང་ཡང་ཡོད་པ་ཡིན་ལ། དེ་ལྟ་བུའི་ལྕམ་དྲལ་གསུམ་གྱི་རྗེས་གནང་འདི་ལ་ཐོག་མའི་ཡི་གེ་ཐོ་ཙམ་ཞིག་མལ་ལོས་མཛད་ཅིང་། དེའི་རྗེས་སུ་འཕགས་པ་དང་། ཆོས་རྗེ་བླ་མ་སོགས་ཀྱིས་མཛད་པ་ཡང་ཡོད་ཅིང་། ད་ལྟ་ཆོས་རྗེ་བླ་མའི་དེའི་སྟེང་ནས་གཙོ་བོར་གནང་བ་ཡིན་ལ། ལྷ་བརྒྱད་ལ་