[A:༡༥༥བ] བྱེད་པ་དག་གམ་ཅི། །ཞེས་དྲི་བ་མཛད་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །ཡང་ཞིང་སྐྱོང་ཆེན་པོ་ཙ་ཏུརྨུ་ཁའི་རྗེས་གནང་གི་སྐོར་ལ། བསྙེན་དུས། སྒྲུབ་དུས། ལས་སྦྱོར། སྤོགས་ཆོག ཤི་ས་བསྟན་པ་སོགས་ཀྱི་མགོན་པོའི་མངོན་རྟོགས་མི་འདྲ་བ་ཐ་དད་པའི། རྗེས་གནང་མི་འདྲ་བ་དུ་མ་ཡོད་པ་ལས། དེ་དག་གི་ཡིག་སྣའི་རྣམ་གྲངས་ཀྱང་། བླ་མ་གཉན་ལོས་མཛད་པའི་རྗེས་གནང་གི་ཡི་གེ རྗེས་གནང་ཁའུ་པས་མཛད་པ་ས་ཆེན་གྱིས་མཛད་པའི་རྗེས་གནང་གི་ཡི་གེ རྗེས་གནང་གསལ་བ་རྗེ་བཙུན་རིན་པོ་ཆེས་མཛད་པ། རྗེས་གནང་ཤིན་ཏུ་རྒྱས་པའི་ནག་པོ་འགྲོ་ཤེས་ཡར་ལུང་པ་ལྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་མཛད་པ། དེ་ཉིད་ལས་བརྒྱུད་པའི་གྲི་སྙིང་བླ་རྡོ་སྲོག་འཁོར་ཕྱག་མཚན་རྣམས་ཀྱི་རྗེས་གནང་གི་ཡི་གེ སྔགས་འཆང་ཆོས་ཀྱི་རྒྱལ་པོ་དང་། རྗེ་ཚར་ཆེན་གྱིས་མཛད་པའི་།