[A:༡༦༠ན] སྣང་ངོ་། །བླ་མ་གཉན་ལོ་ཙཱ་བ་ཆེན་པོ་རྒྱ་གར་ནས་བོད་དུ་འབྱོན་ཁར། ཁརྶ་པ་ཎིའི་རི་སུལ་གྱི་རྣལ་འབྱོར་མས་གནང་བའི་སྟོབས་འཕྲོག་ནག་པོ་ཆེན་པོའི་ཐུན་མོང་མ་ཡིན་པའི་ཤོག་རིལ་ཉེར་གཅིག་གི་གཙོ་བོར་གྱུར་པ་སྲུང་འཁོར། ཚེ་སྒྲུབ་དང་བཅས་པའི་མན་ངག་ཟབ་མོ། གཉན་ལོ་ཆེན་པོ་དགུང་ལོ་ཕྱེད་དང་ཉིས་བརྒྱ་ཐུབ་པར་གྲགས་པའི་མགོན་པོ་འདིའི་མན་ངག་གི་ཉིང་ཁུ་ཟབ་མོའི་མཐར་ཐུག་ཁྲིད་རྒྱས་བསྡུས་གཉིས་ཀྱི་བརྒྱུད་པ་ནི། འཕགས་པ་ཡན་གཞན་དང་འདྲ་བ་ལས། དེ་ནས་ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ་བ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེང་གེ འདྲེན་མཆོག་ཆོས་རྗེ། འཇམ་།