[A:༡༦༠བ] དབྱངས་སངས་རྒྱས་རིན་ཆེན། གླིང་དཔོན་ཆེན་ཆོས་སྐུ་འོད་ཟེར། རྗེ་བྱམས་པ་ཤེས་རབ་བཟང་པོ། ཆོས་ཀྱི་རྗེ་བསམ་གཏན་རིན་ཆེན། རྗེ་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མུས་ཆེན་འཁོར་ལོ་སྡོམ་པ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཞིང་སྐྱོང་དགྱེས་པའི་རྣལ་འབྱོར་པ་ངག་དབང་ཀུན་དགའ་བསོད་ནམས་ལ་གནང་བ་ཡིན་ནོ། །དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྗེས་གནང་གི་ཡི་གེ་རྗེ་ས་ཆེན་གྱིས་མཛད་པ། མུས་ཆེན་སངས་རྒྱས་རིན་ཆེན་དང་། སྔགས་འཆང་ཆེན་པོས་མཛད་པ་སོགས་འབྱུང་བའི། དིང་སང་ཕྱི་མའི་སྟེང་ནས་ཕྱག་ལེན་མཛད་ཅིང་དེའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ར་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་གི་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། མཁས་པ་བཻ་རོ་ཙཱ་ན། དཔལ་ཆེན་རྒ་ལོ། བླ་མ་ས་སྐྱ་