[A:༡༦༥ན] པ་ནི་རྒྱས་པའི་ལས་ལ་བསྔགས་ཤིང་གནོད་སྦྱིན་གྱི་རྣམ་པ་འདྲ་བས་ན། གནོད་སྦྱིན་ལྟར་སྒྲུབ་པ་ཞེས་བྱ་ཞིང་། གནོད་སྦྱིན་ལྟ་བུའི་མགོན་པོ་བྱས་ཀྱང་ཆོག་གོ །དེས་ན་འདི་བཞིའི་ཁྱད་པར་ནི། བསྒྲུབ་བྱ་ལྷའི་རྣམ་པ་མི་འདྲ་བ་ཉིད་ཀྱི་སྒོ་ནས་འབྱེད་ཅིང་། སོ་སོའི་ངེས་ཚིག་ཀྱང་དེ་ལྟར་ཡིན་ལ། བདག་མདུན་སོགས་སྒྲུབ་ཚུལ་གྱི་སྒོ་ནས་ཀྱང་ཅུང་ཟད་འབྱེད་དེ། ཚོགས་བདག་ལྟར་སྒྲུབ་པ་འདི་ལ། བསྙེན་སྒྲུབ་ལས་གསུམ་ཡོད་པའི། བསྙེན་པའི་སྐབས་སུ་རང་ཡི་དམ་དུ་གསལ་བའི་མདུན་དུ་མགོན་པོ་བསྐྱེད་ནས། དམ་བཞག་མནའ་ཆུ་བླུད་པ། སྔགས་བཟླ་བ་སོགས་བྱས་ནས། སྒྲུབ་པའི་སྐབས་སུ་རང་ཉིད་མགོན་པོར་བསྐྱེད་པ་ཡིག་རྙིང་ལས་བཤད་ལ། གཞན་གསུམ་ནི་བསྙེན་སྒྲུབ་གང་བྱེད་ཀྱང་། མདུན་བསྐྱེད་གཙོ་ཆེ་བ་ཡིན་ནོ། །མགོན་པོ་མདུན་དུ་བསྐྱེད་ན་བཀའ་སྡོད་ཡིན་པས་མ་