[A:༡༦༥བ] ཁྱབ་པ་ཡང་ཤེས་པར་བྱའོ། །གཞན་ཡང་བདུད་དང་མོན་པ་ལྟར་སྒྲུབ་པ་སོགས་ནི། སྔ་མ་དེ་བཞིར་མ་འདུས་པའི་སྒྲུབ་ཚུལ་གྱི་དབྱེ་བ་ཕྲ་མོ་གཞན་ཡིན་ནོ། །དོན་དེ་དག་ལ་དགོངས་ནས་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། སྙན་བརྒྱུད་གཉིས་པ་གདམས་པའི་རྣམ་གྲངས་སྐབས། །ཕོ་རྐྱང་སྒྲུབ་ལུགས་རྣམ་བཞིའི་ཁྱད་པར་འདི། །བསྒྲུབ་བྱ་ལྷ་ཡི་རྣམ་འགྱུར་གྱིས་དབྱེ་བམ། །བདག་མདུན་ལ་སོགས་སྒྲུབ་ཚུལ་སྒོ་ནས་འབྱེད། །སོ་སོར་འདོགས་པའི་ངེས་ཚིག་གང་ཡིན་དང་། །གཞན་ཡང་བདུད་དང་མོན་པ་ལྟར་བསྒྲུབ་སོགས། །དམ་པས་མཛད་པར་གྲགས་པའི་གཤིན་རྗེ་ལྟར། །བསྒྲུབ་པའི་ཡི་གེར་བཤད་པ་ཇི་ལྟར་ལགས། །ཞེས་གསུངས་པའི་དགོངས་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །གཉིས་པ་མོ་རྐྱང་དུ་བསྒྲུབ་པ་ལ། ནང་པ་ལྟར་བསྒྲུབ་པ་དང་། ཕྱི་པ་མུ་སྟེགས་པ་ལྟར་བསྒྲུབ་པ་གཉིས། དང་པོ་ལ་འཇམ་རྩུབ་གཉིས་ཡོད་དེ། ཨེ་ཀ་ཛ་ཊིའི་ལྟོ་བར་ས་བོན་