[A:༡༦༧ན] སུ་ཨེ་ཀ་ཛ་ཊི་ཡི། །སྐུ་ཡི་ཕྱི་ནང་བསྐྱེད་པས་དེ་བཞིན་ནོ། །དེས་ན་དམ་པ་གཅུང་གི་སྒྲུབ་ཡིག་དང་། །གཟུངས་པས་ཡར་ལུང་སིང་ཧའི་དྲིས་ལན་དུ། །ཕྱི་པ་ནང་པ་ཞེས་བྱ་གསལ་བ་ཡི། །ཚིག་དེའི་ནུས་པ་ཇི་བཞིན་གང་ལས་ཐོན། །མུ་སྟེགས་པ་ལྟར་བསྒྲུབ་པ་སོགས་འདོད་ན། །དེ་ཡི་དགོས་པ་ཅི་ཡིན་ལོ་ཀ་ཤྲཱི། །མུ་སྟེགས་སྟོན་པ་ཡིན་པའི་རྒྱུ་མཚན་གང་། །དམ་པས་མོ་རྐྱང་བསྒྲུབ་ལུགས་བཞིར་བཤད་དང་། །ཡུམ་འཁོར་བཅས་པའི་ངོས་འཛིན་གང་ལ་བྱེད། །ཅེས་གསུངས་པའི་དགོངས་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །གསུམ་པ་འཁོར་རྐྱང་དུ་སྒྲུབ་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ནི། སྲིད་པ་གསུམ་ན་ཆེ་བར་གྱུར་པ་ནི་མགོན་པོ་ལྕམ་དྲལ་འདི་ཡིན་པས། དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་འཁོར་དུ་གཏོགས་པ་ཡིན་ནོ། །གཙོ་བོར་གྱུར་པ་