R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༦༦བ
[A:༡༦༦བ] གཅུང་གི་ཡི་གེ་དང་། གཟུངས་པས་མཛད་པའི་ཡར་ལུང་པ་སེང་རྒྱལ་གྱི་དྲིས་ལན་ལས། ཕྱི་པ་དང་ནང་པ་ཞེས་ཚིག་གསལ་དངོས་སུ་གསུངས་པ་དང་འགལ་བས་སོ། །དེས་ན་ལྷ་མོ་ལ་མུ་སྟེགས་པའི་ལུགས་ཀྱི་བསྐྱེད་ཆོག་དང་སྔགས་སྦྱར་བ་ནི་ཕྱི་པ་ལྟར་བསྒྲུབ་པ་ཡིན་ལ། དགོས་པ་ནི་རྣོ་ཞིང་མྱུར་བའི་ཕྱིར་ཡིན་ཞིང་། འདི་ལ་ཡུམ་ཆེན་གཉའ་གནོན་དུ་མེད་དོ། །ཡུམ་ཆེན་གཉའ་གནོན་དུ་བྱས་ཤིང་། རྒྱུད་དང་གཟུངས་ནས་བཤད་པའི་བསྐྱེད་ཆོག་དང་སྔགས་སྦྱར་བ་ནི་ནང་པ་ལྟར་བསྒྲུབ་པ་ཡིན་ནོ། །ཕྱི་པ་ལྟར་བསྒྲུབ་པ་ལ་རྒྱ་གཞུང་མཆོག་སྲེད་ཀྱིས་མཛད་པ་ཡོད་ཅིང་། འདི་ཉིད་པཎྜི་ཏ་ལོ་ཀ་ཤྲཱིས་བསྒྱུར་པ་ཡིན་ལ། ཁོང་ལ་མུ་སྟེགས་ཀྱི་སྟོན་པར་ཡང་གྲགས། འོན་ཀྱང་མུ་སྟེགས་ཀྱི་གྲུབ་མཐའ་འཛིན་མཁན་ནི་མ་ཡིན་པར་བླ་མ་དག་བཞེད་དོ། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། མོ་རྐྱང་སྐབས་