[A:༡༦༨ན] སྒྲོལ་གྱིང་། འཛམ་སེར། འཛམ་ནག ཁྱབ་པ་ཆེན་པོ་སྟེ་གནོད་སྦྱིན་བརྒྱད་དང་། བརྒྱ་བྱིན། གཤིན་རྗེ། ཆུ་ལྷ། གནོད་སྦྱིན། དབང་ལྡན། མེ་ལྷ། སྲིན་པོ། རླུང་ལྷ། ཚངས་པ། ས་བདག་སྟེ་ཕྱོགས་སྐྱོང་བཅུ་དང་། དམུ། ཀླུ། རྒྱལ་པོ། བཙན། བདུད། གནོད་སྦྱིན། མ་མོ། གིང་སྟེ་ལྷ་སྲིན་སྡེ་བརྒྱད་དང་། གཞན་ཡང་འཇིགས་བྱེད་དགུ། གཟའ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་རྣམས་སོ། །འདི་རྣམས་ལའང་ཀླུ་བརྒྱད་ཀྱིས་བསྐོར་བས་ཆར་འབབ་པ་དང་། གཟའ་བརྒྱད་ཀྱིས་བསྐོར་བས་ཐོག་སེར་འབེབས་པ་སོགས་མན་ངག་ཅི་རིགས་པ་སྣང་ངོ་། །གཉིས་པ་ནི། ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན། ནང་གི་ལས་མཁན་སེར་ནག་ཟངས་གྲི་ཅན། གསང་བའི་ལས་མཁན་པུ་ཏྲ་མིང་སྲིང་ལ། རུ་མཚོན་