[A:༡༦༨བ] གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོ། སྦས་པའི་ལས་མཁན་སྒོ་མ་རྣམ་པ་བཞི། གཎྜེའི་ལས་མཁན་ཁྲོ་ཚོགས་འབར་བ། སྲོག་གི་ལས་མཁན་བཤན་པ་དམར་ནག་རྣམས་སོ། །དང་པོ་འདི་ལ་བརྟེན་ནས་སེང་ལྡེང་གི་དབྱུག་པའི་མགུལ་དུ་སྲེ་མོང་གི་བླུད་བུ་དང་། ཐོད་པ་སྔར་ཅན་གྱི་སྒོ་ནས་ཕྱིའི་རྫས་དང་། ཡོ་བྱད་བསྲུང་པ་ལ་གཙོ་ཆེར་བསྔགས་པས་སམ། ཡང་ན་ཕྱིའི་དུར་ཁྲོད་ཀྱི་ཁོར་ཡུག་ལ་གནས་པའི་གནོད་སྦྱིན་ཀླུ་བདག་ཅེས་བྱ་བ་དེ་ཡིན་པས་ཕྱིའི་ལས་མཁན་དུ་བཞག་པ་ཡིན་གསུངས་ཤིང་། བེར་ནག་ཅན་ནི་ནང་བསད་པའི་ལས་སྦྱོར་ཁོ་ན་ལ་བསྔགས་པའམ། ནང་སྒྲུབ་ཐུན་མོང་མིན་པའི་སྐབས་ལས་མཁན་གྱི་གཙོ་བོ་ཡིན་པས་དེ་ལྟར་དུ་བཞག་པ་ཡིན་ཏེ། གཅེར་བུའི་སྒྲུབ་ཐབས་ཡིག་རྙིང་བླ་མ་ལ་ལ་ལས་བརྒྱུད་པ་ལས་དེ་དག་ཀྱང་ལས་མཁན་ཟངས་གྲི་ཅན་གཉིས་ཡོད་པ་ལས་བེར་ནག་ནི་ནང་དང་འདི་ཕྱིའི་