[A:༣༨བ]པའི་ཤུགས་ཀྱིས་བྱང་ཆུབ་ཀྱི་ཤིང་དྲུང་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་སྤྱན་སྔར་ཕྱིན་ཏེ། ལྷ་མོ་དཔོན་གཡོག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་ལྷ་མོ་དཔོན་གཡོག་དེ་གཉིས་ཀྱིས། ཨ་སུ་རའི་བྲག་ཕུག་ཅེས་བྱ་བ་རི་ཕུག་ཟབ་མོ་ཞིག་ཏུ་ཕྱིན་པས། དེ་ན་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་འཕྲད་དོ། །ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པས། བྲམ་ཟེ་ན་རེ། སྔོན་ཡུལ་ཁམས་འདི་ཉིད་ན་དགེ་སློང་བསྟན་པའི་སྡེ་དང་། དགེ་སློང་མ་དར་མ་དི་ཞེས་བྱ་བ་གཉིས་འཁྲིག་པ་སྤྱད་ནས་འདུལ་ཁྲིམས་ཉམས་པ་ལ། རྒྱལ་པོས་ཆད་པ་བཅད་ནས་བསད་པ་སྐྱེ་བ་འཕོས་ཏེ། བདུད་ལམ་ང་དགེའུ་རི་དང་། རོ་ཤ་ཁ་ད་གཉིས་སུ་གྱུར་ཏེ། ཡུལ་འདིའི་མི་ཕལ་ཆེར་ཟོས། ད་ནི་ང་ལ་ཟ་རེས་བབས་པས། ང་བདུད་དེ་གཉིས་འདུལ་བའི་ཕྱིར་ཡུམ་