[A:༣༨ན]སྐྱེ་བ་རྣམ་བཞིའི་སེམས་ཅན་ཐམས་ཅད་ཟོས་ནས་ཟད་པ་ལ་ཐུག་གོ །ལྷ་མོ་དཔོན་གཡོག་གཉིས་ནི་བུད་མེད་ཀྱི་རང་བཞིན་དུ་གྱུར་པས། རྟག་པར་འདོད་པའི་འཁྲིག་པ་སྤྱོད་པའི་ཆེད་དུ་རྗེ་མོ་ལ་ཁྱོ་ལྔ། ཁོལ་མོ་ལ་ཁྱོ་བཞི་སྟེ། རྗེ་མོའི་ཁྱོ་ལྔ་ནི། གཟའ་ར་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མ་རུ་ཙེ། བདུད་འཆར་ཁ་ནག་པོ། ཀླུ་ནཱ་ག་ཀུནྡ་ལི་དང་ལྔའོ། །ཁོལ་མོའི་ཁྱོ་བཞི་ནི། འབྱུང་པོ་དགེ་བ། བགེགས་བི་ན་ཡ་ཀ གནོད་སྦྱིན་ཡཀྵ་ཀཱ་ལ། རླུང་ཝ་ཡ་ཝེ་གདོང་དང་བཞིའོ། །དེ་ལྟ་ཁྱོ་དགུ་ནི་དཔོན་གཡོག་གཉིས་ཀྱིས་ཉིན་བར་མཆན་ཁུང་དུ་སྐུང་ཞིང་སྦེད། མཚན་མོ་དུར་ཁྲོད་དུ་རྒྱུ་ཞིང་རོལ་བའི་སྦྱོར་བ་བྱེད་དོ། །དེ་ནས་ལྷ་མོ་དེ་སྔོན་མར་མེ་མཛད་ཀྱི་བསྟན་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བར་སྨོན་ལམ་བཏབ་པའི་ལས་འཕྲོས་སྦྲེལ་ཞིང་དགེ་བ་སྤྱད་