[A:༡༨༢བ] གཏོར་མ་ལྷར་སྒྲུབ་པ། དམ་རྫས་སུ་སྒྲུབ་པ། དགྲ་བགེགས་སུ་སྒྲུབ་པ་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཅིང་། རྗེ་ས་ཆེན་ཡབ་སྲས་དང་། དམ་པ་སོགས་ཚད་ལྡན་གྱི་ཡི་གེ་དང་། མན་ངག་དང་ལྡན་པའི་བླ་མའི་ཕྱག་ལེན་དང་གསུང་ལས་འབྱུང་བ་ལྟར་སྟོན་ཤེས་པའི་སྔགས་འཆང་ཞིག་ལ་ལྟོས་དགོས་པ་དེ་ཁོ་ནར་ཡོད་དོ། །དེ་ལྟར་མགོན་པོའི་བསྙེན་བསྒྲུབ་ལས་གསུམ་ཐམས་ཅད་གཏོར་མ་ལ་བརྟེན་པ་ཁོ་ནར་སྣང་བས། འདིའི་མན་ངག་མཐའ་ཆོད་པར་མ་ཤེས་ན། ཅི་ཙམ་བསྒྲུབས་ཀྱང་མི་འགྲུབ་ཅིང་། འགྲུབ་པ་ལྟར་སྣང་ཡང་། མཐར་མི་ཤིས་པའི་རྒྱུར་འགྱུར་བར་དམ་པས་གཏོར་མའི་ཡི་གེ་ལས་གསལ་བར་བཤད་པས་སྐལ་ལྡན་དག་གིས་གོ་བར་མཛོད། དིང་སང་ནི་ཁ་ཅིག་ཡི་དམ་འགའ་ཞིག་གི་གཏོར་མ་ཟླུམ་པོར་བཤད་པའི་རྟགས་ལ་བརྟེན་ནས་དེ་ལྟར་བྱེད། ཁ་ཅིག་མཐུ་ཆེ་ཞིང་འཇིགས་པར་ཡོང་སྙམ་ནས་གྲུ་གསུམ་ཁོ་ནར་བྱེད། མདོར་ན་བླ་མ་གོང་མ་ཚད་ལྡན་དག་གི་མན་ངག་གི་ཡི་གེ་