[A:༡༨༣ན] དང་། སྙན་བརྒྱུད་ལྡན་པའི་བླ་མའི་མན་ངག་དང་བྲལ་ཞིང་། ཕྱག་ལེན་མཐོང་ཡང་ཚད་མར་མི་འཛིན་པ་རང་བཟོ་ཁོ་ན་ལ་ལོངས་སྤྱོད་ཅིང་། རང་ཉིད་ཀྱི་བློ་བཟོ་བྱས་པ་དེ་དང་མ་མཐུན་ན་ལུང་རིགས་ཀྱི་སྒྲུབ་བྱེད་གཅིག་ཀྱང་མེད་པར་ཞེ་ཐག་པ་ནས་ངན་སྨྲས་ཀྱི་སྨྲེ་སྔགས་ཕྱོགས་བཅུར་བསྒྲགས་ཏེ། རང་གཞན་ཀུན་གྱི་དགེ་རྩ་གཅོད་པ་ལ་བརྩོན་པའི་གཅན་གཟན་གཏུམ་པོའི་རྣམ་ཐར་སྐྱོང་བ་ལྟ་བུའང་འགའ་མཐོང་ངོ་། །འདི་ལྟ་བུ་ལ་དགྲ་བགེགས་ཞི་ཞིང་དངོས་གྲུབ་འབྱུང་བ་ནམ་མཁའི་པདྨོའི་ཟློས་གར་ཡིན་པས་ལེགས་པར་བསམ་ཞིང་། གཟུ་བོར་གནས་པའི་བློས་སྤང་བར་རིགས་སོ། །དེས་ན་འདིར་རྗེས་འཇུག་རྣམས་རྣམ་དབྱེ་ཤེས་པའི་ཕྱིར། གཏོར་མ་གསུམ་སོགས་ཀྱི་རྣམ་གཞག་འཕྲོས་དོན་དང་བཅས་པ་ཅུང་ཟད་བཤད་ན། གོང་དུ་བསྟན་པ་ལྟར། གཏོར་མ་ལ་རྟག་གཏོར། བརྟེན་གཏོར། རྒྱུན་གཏོར་དང་གསུམ། དང་པོ་ནི། གཏོར་མ་ཆོས་སྐྱོང་དུ་བསྐྱེད་