[A:༡༨༤ན] གདན་འབུལ་དམ་བཞག་གཏོར་མ་བསྔོ། །གཏོར་མ་དེ་ལ་འབྲལ་མེད་དུ། །བཞུགས་པར་བསམ་ལ་གསོལ་བ་གདབ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །ཞེས་བཤད་པ་དང་། དམ་པས། རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །བརྟེན་གཏོར་ཆེན་པོས་ཐུགས་དམ་བསྐང་། །ཞེས་པ་རྣམས་དགོངས་པའི་གནད་གཅིག་ཏུ་འགྲིག་པ་ཡིན་ནོ། །གཏའ་གཏོར་ནི། པུ་ཏྲ་སོགས་ལ་གཏའ་གཏོར་ཟུར་བརྒྱད་པ་བཤམས་ནས། ལས་འདི་ཞེས་བགྱི་བ་སྒྲུབ་པར་གྱིས་ཤིག ད་བཟོད་སྟེར་རོ་ཞེས་གོ་བར་བྱས་ནས། དུས་གསུམ་ལ་སོགས་པར་ཁ་གསོ་ཞིང་བྱིན་གྱིས་བརླབས་ནས་མི་བསྔོ་བར་བཞག ལས་གྲུབ་པ་དང་། ཆོ་ག་བཞིན་བསྔོས་ནས་འབུལ་བ་དེའོ། །འདི་ནི་གཏོར་མ་གཏའ་མར་བཟུང་ནས་ལས་མྱུར་དུ་བསྒྲུབ་ཏུ་འཇུག་པས་ན་གཏའ་གཏོར་རོ། །འདི་ལ་ཡི་གེ་རྗེ་ས་ཆེན་གྱིས་མཛད་པ་མེ་འབར་མའི་ནང་ན་བཞུགས་ཤིང་། རྒྱུན་གཏོར་ནི། ཐུན་གསུམ་