[A:༡༨༦བ] བརྒྱད་པ། གཞན་ཡང་བསྐང་གཏོར་ལ་རྒྱས་པར་བྱེད་ན། གཏོར་མ་ཟུར་གསུམ་པ་ཁྲག་དང་སྨུག་རྩི་སོགས་ཀྱིས་དམར་ནག་སྤེལ་ནས་བྱུགས་པ་མགོན་པོ། ལྷ་ཞལ། པུ་ཏྲ། དཀར་བདུད་སོགས་ལྷ་གྲངས་དང་མཉམ་པའམ། བླ་མ་འགའ་ཞིག་བཅོ་ལྔ་མཛད་པར་ཡང་གྲགས་ཤིང་། ཐམས་ཅད་མར་གྱིས་བརྒྱན་ཕྱག་མཚན་མེ་རིས་སོགས་ཀྱིས་སྤྲས་པ། རྒྱུན་གཏོར་རམ་ཐུན་གཏོར་ནི། ལྕམ་དྲལ་འཁོར་བཅས་ལ་རྒྱས་པར་ན་སྙིང་གཟུགས་བྱས་པ་གཉིས། གདོང་བཞི་པ་ལ་ཡང་གཉིས་ཏེ་བཞི། བསྡུ་ན་ཟུར་གསུམ་པ་བཞི་འམ་བདུན། དེ་དག་ཐམས་ཅད་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་རོ། །མདོས་བསྐང་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་པ་ནི་དམ་པས་བཤད་དེ། བསྐང་གསོ་ཆོས་ཉིད་མ་ལས། མདོས་ཡོད་ན་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཞེས་གསུངས་པ་ཡིན་ལ། གཏོར་མདོས་གཉིས་ཀ་ཡང་སྔགས་