[A:༡༩༠བ] བཞེད་ཚུལ་མི་འདྲ་བ་ཅུང་ཟད་བརྗོད་ན། དེ་ཡང་དམ་པས་མཛད་པའི་མདོས་བསྐང་རྒྱས་པ། མདོས་བསྐང་གཏོར་མ་ཐུན་མོང་བས་བསྐང་བ་ཆོས་ཉིད་མར་གྲགས་པ། བསྐང་གསོ་ནག་པོ་མཆོད་རྟེན་མ། དམ་པའི་བསྐང་གསོ་ཆུང་བར་གྲགས་པ་རྣམས་ཡོད་པ་ལས། འདིའི་སྐབས་སུ་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་ལས། མདོས་བསྐང་རྒྱས་པ་དང་། ཆོས་ཉིད་མ་གཉིས་ལ་དམ་པས་མཛད་པའི་བསྐང་གསོ་ཆེ་ཆུང་གི་ཐ་སྙད་བྱེད་པ་ཡིན་གསུངས་ཤིང་། ནག་པོ་མཆོད་རྟེན་ནི་དམ་པའི་མདོས་བསྐང་ཆེན་མོ་ལས་སྔགས་འཆང་གཟུངས་ཀྱི་དཔལ་བས་ཟུར་དུ་ཕྱུང་བ་ཡིན་ནོ་ཞེས་བཞེད་ལ། རྡོ་རྗེ་གདན་པ་ཆེན་པོའང་དོན་གྱིས་དེ་ལྟར་ཞལ་གྱིས་བཞེས་པར་སྣང་སྟེ། མདོས་བསྐང་ཆེན་མོ་དང་ཆོས་ཉིད་མའི་ལུང་རྒྱུན་བཞུགས་ཤིང་། ནག་པོ་མཆོད་རྟེན་གྱི་ལུང་ཙམ་ཡང་མི་བཞུགས་པར་བླ་མ་དག་བཞེད་ཅིང་། མུས་སྲད་པ་རྡོ་རྗེ་རྒྱལ་མཚན་པ་ནི། མདོས་བསྐང་