R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༠ན
[A:༡༩༠ན] ཚར་བྱེད་པའི་དེའི་གཏོར་མ་ཡང་བརྒྱ་རྩ་བཤམས། བསྐང་བ་རྒྱས་བསྡུས་གང་རིགས་ལ་གྲངས་བཟུང་བས་ཀྱང་ཆོག་པར་བཞེད་ཅིང་། དེ་གཉིས་ཀ་ཕྱག་ལེན་འཁྲུལ་མེད་ཚད་ཐུབ་རེ་རེ་ཡིན་པར་སེམས་སོ། །དེ་དག་གིས་རྗེ་ཚར་ཆེན་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། སྤྱིར་གྱི་བསྐང་བཤགས་གོ་རིམ་མ་ངེས་ཀྱང་། །འཕགས་པས་བཤགས་པ་ཚིག་ལྷུག་མཛད་པ་འདི། །འདི་ཉིད་རང་གི་གོ་རིམ་བཞུགས་ཚུལ་དང་། །བྲག་
ངག་དབང་གྲགས་པ
ནག་པ
་དང་སིང་
ཡར་ལུང་པ་སེང་རྒྱལ
འི་ཡི་གེ་དང་། །ས་ལུགས་ངོར་རྫོང་ཀུན་གྱི་ཕྱག་ལེན་དང་། །མི་མཐུན་བཞིན་དུའང་བཤགས་པ་རྗེས་སུ་བྱེད། །འདི་འདྲའང་རྨོངས་པའི་བསྐང་བཤགས་ཞེས་པ་ཡི། །ཚིག་ཙམ་དག་ལ་ཞེན་པ་མ་ལགས་སམ། །གཏོར་བསྔོ་ཙམ་དང་གཏོར་སྒྲུབ་ཁྱད་པར་ཅི། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །འདིར་དམ་པས་མཛད་པའི་བསྐང་གསོ་ཆེ་ཆུང་གི་ངོས་འཛིན་ལ་བླ་མ་གོང་མ་རྣམས་