[A:༡༩༣ན] ཆོག་ཙམ་དོན་དུ་གཉེར་བ་ལས། གསུང་རབ་ཀྱི་རྟོག་དཔྱོད་ཤིན་ཏུ་ཆུང་བར་བརྟེན། གོང་དུ་བཀོད་པའི་དྲི་བའི་ཚིག་རྣམས་ལ་རང་ལུགས་ཀྱི་རྗེས་འཇུག་ཕལ་ཆེར་ནི་ཇི་སྙམ་དུ་ཡང་མི་སེམས་པར་བཏང་སྙོམས་སུ་བཞུགས་པར་གྱུར་ཅིང་། ལ་ལ་ནི་ཁུངས་མེད་པར་མ་འདོད་ཅིང་། རང་གིས་ཡང་མ་རྙེད་པས། དྲི་བ་མཛད་པ་པོར་སྐུར་པ་འདེབས་པར་བརྩོན་པར་གྱུར་ལ། མཁས་རློམ་ཁ་ཅིག་ནི། མགོན་པོ་འདི་ལ་གཤིན་རྗེ་ལྟར་བསྒྲུབ་པའི་ཚུལ་བཤད་པས། མན་ངག་དེ་ཡང་འཇིགས་བྱེད་དྲུག་ཅུ་པའི་རྒྱས་བཀབ་པར་འདོད་པ་སོགས་ལོང་བ་འཁར་འཛུགས་ཀྱི་རྣམ་ཐར་སྐྱོང་བ་ལས་རྒྱུ་མཚན་ཡོད་པར་མ་མཐོང་ན། ཁོ་བོ་ཅག་གི་བསམ་པ་ལ་མགོན་པོའི་མན་ངག་དྲུག་ཅུ་པ་འདིའི་ཁུངས་རྣམ་དག་ཅིག་རྙེད་ན་ཅི་མ་རུང་སྙམ་པའི་དྭངས་འདོད་ཀྱི་དད་པ་ཆེན་པོའི་ངང་ནས་རང་ལོ་ཉེར་གཅིག་ལོན་པ་མེ་མོ་སྦྲུལ་གྱི་ལོ། དཔལ་ས་སྐྱའི་གནས་མཆོག་ཆུ་མིག་རྫིང་གའི་བླ་བྲང་བདེ་མཆོག་ཕོ་