[A:༡༩༣བ] བྲང་ཞེས་བྱ་བའི་སྐྱེད་མོས་ཚལ་ག་ལ་བ་དེར་ཆོས་སྐོར་གྱི་ཡིག་ཆ་མང་པོ་ལ་ལྟ་རྟོག་བགྱིས་སྐབས། མགོན་པོའི་མན་ངག་དཔེ་རྙིང་མ་བྲབས་གཅིག་བཞུགས་པའི་གླེགས་བམ་ཞིག་གི་ཁྲོད་ན། ཤོག་བུ་སེར་མདངས་ཅན་ལ་ཡི་གེ་ལྕགས་སྨྱུག་གིས་བྲིས་པའི་ལས་ཚོགས་གཏོར་མ་ལ་བརྟེན་ནས་དགྲ་བསད་པའི་མན་ངག་གི་ཡིག་ཆུང་ཞིག་འདུག་པ་ལ་བལྟས་པས། མགོན་པོད་མེ་འབར་མ་སོགས་ན་བཞུགས་པའི་ཤོག་རིལ་དྲུག་གི་ནང་ཚན་དེ་ཡང་མ་ཡིན་ཞིང་། དེ་ལས་གཞན་པའི་གཏོར་མ་ལ་བརྟེན་ནས་དགྲ་བསད་པའི་མན་ངག་གཞན་དུའང་མི་འདུག་པས་སླར་ཞིབ་ཏུ་དཔྱད་ཅིང་བརྟགས་པས། ས་ལོ་འཇམ་པའི་རྡོ་རྗེས་མཛད་པའི་མགོན་པོའི་མན་ངག་དྲུག་ཅུ་པའི་ཆོ་ག་དགྲ་བགེགས་གནད་གཅོད་ཀྱི་སྤུ་གྲིའི་རྟེན་གཞིར་གྱུར་པའི་ཡི་གེ་རྙིང་མ་རྗེ་བཙུན་གོང་མའམ། དམ་པ་ཀུན་དགའ་གྲགས་སོགས་ཀྱིས་མཛད་པའི་ཁུངས་ཐུབ་ཅིག་དགོས་རྒྱུར་འདུག་པ་ལས། ཁོ་བོས་རྙེད་པའི་ཡི་གེ་འདི་ནི་