[A:༢༠༠བ] མན་ངག་བཤད་པ་ནི་སྤྱིར་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། འདིར་སྐབས་སུ་བབ་པ་ཐུན་མོང་བའི་ཤོག་རིལ་བཅུ་དང་། ཐུན་མོང་མ་ཡིན་པའི་ཤོག་རིལ་དྲུག་སྟེ་བཅུ་དྲུག་ལས། དང་པོ་ནི། སྔོན་འགྲོ་བཤོམ་གྱི་ཤོག་རིལ། བྲིས་སྐུ་སྒྲུབ་པའི་ཤོག་རིལ། གྲི་གུག། ཐོད་པ། གཎྜེ། རལ་གྲི། ཐུག་ཆེན། རྔ་ཆེན། ཁ་ཊྭཾ་ཀཱ། ཕོ་ཉའི་ལས་རིམ་གྱི་ཤོག་རིལ་དང་བཅུའོ། །སྐབས་འདིར་བྲིས་སྐུ་ཤོག་རིལ་གྱི་དོགས་པའི་གནས་ཅུང་ཟད་དཔྱད་ན། དམ་པས་མཛད་པའི་བྲིས་སྐུའི་ཤོག་རིལ་འདི་ལ་གཞལ་ཡས་ཁང་མེད་པས། ཞིང་ཁམས་ཙམ་ཡིན་གྱི་དཀྱིལ་འཁོར་མ་ཡིན་ལ། འོན་ཀྱང་ཤར་སྒོར། ལྷོ་སྒོར། ནུབ་སྒོར། བྱང་སྒོར་ཞེས་པའི་ཚིག་རྣམས་ནི་དཀྱིལ་འཁོར་གྱི་དཀྱུས་ཅུང་ཟད་ཤོར་བ་སྟེ། འདི་འདྲའི་རིགས་ཅན་མང་དུ་མཐོང་ངོ་། །འདི་ནས་ལྷ་གསུམ་མ་ལ་དབང་བཤད་པ་ནི་སྔོན་དུ་བྱུང་བར་བླ་མ་དག་བཞེད་ཅིང་། འོན་ཀྱང་ད་ལྟ་ཕྱག་ལེན་