[A:༢༠༡ན] གྱི་རྒྱུན་ཆད་པར་སྣང་ངོ་། །དེ་དག་གིས་ནི་རྗེ་ཚར་ཆེན་གྱི་མགོན་པོའི་ཆོས་སྐོར་གྱི་དྲི་བ་ལྷག་བསམ་རབ་དཀར་ལས། ཤོག་རིལ་བཅུ་པར་གྲགས་པའི་བྲིས་སྐུའི་སྐབས། །བཤད་པ་འདི་ཉིད་ཞིང་ཁམས་དཀྱིལ་འཁོར་གང་། །འདི་ནས་ལྷ་གསུམ་དག་ལའང་དབང་བཤད་པ། །དག་གམ་འོན་ཏེ་རྫུན་མར་བཞེད་པ་ལགས། །ཞེས་གསུངས་པའི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ཞིང་། གཉིས་པ་ཐུན་མོང་མ་ཡིན་པའི་ཤོག་རིལ་དྲུག་ནི། གཏོར་མ་ལ་བརྟེན་ནས་དགྲ་བོ་གསོད་པའི་ཤོག་རིལ། གཏོར་མ་མེད་པ་ཁ་ཟས་ལ། དགྲ་བགེགས་ཚོགས་སུ་ཟ་བའི། བྱད་ཤ་ལྤགས་པའི། རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པའི། གཞན་གྱི་རིག་སྔགས་དང་རྦོད་གཏོང་བཟློག་པའི་ཤོག་རིལ་དང་དྲུག་གོ །གཉིས་པ་ནང་རྩ་གསུམ་འཁོར་ལོ་བརྟེན་ནས་སྒྲུབ་པ་ལ་བསྙེན་སྒྲུབ་ལས་གསུམ་གྱི། དང་པོ་ལ་ལྔ་སྟེ། སྙིང་ག་ཆོས་ཀྱི་འཁོར་