[A:༤༡ན]ཞལ་མཐོང་། སྲོག་གི་སྙིང་པོ་ཕུལ། སངས་རྒྱས་སྟོང་གི་བསྟན་པ་བསྲུང་བར་དབང་བསྐུར། རྗེ་མོའི་མིང་ཨརྻ་རེ་མ་ཏིར་བཏགས། ཁོལ་མོའི་མིང་ཤན་པ་ནག་མོར་བཏགས་སོ། །དེ་ནས་དཔལ་ལྡན་ལྷ་མོ་ནག་མོ་དཔོན་གཡོག་དེ་གཉིས་མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་སྲིད་པ་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བར་གྱུར་པས། ལྷ་དང་ལྷ་མ་ཡིན་ཐམས་ཅད་ཀྱིས་ཕྱག་དང་བཀུར་བསྟི་བྱས། འདོད་པའི་ཁམས་ཐམས་ཅད་ལ་དབང་བསྒྱུར་བས་འདོད་ཁམས་ཀྱི་དབང་ཕྱུག་མའམ་གཙོ་མོ་ཆེན་མོར་གྱུར་ཏེ། ལྷ་ཚངས་པས་རྨ་བྱའི་རྒྱལ་མཚན་ཕུལ། ཁྱབ་འཇུག་གིས་ཉི་ཟླའི་རྒྱན་ཕུལ། རྣམ་ཐོས་སྲས་ཀྱིས་སྦྲུལ་གྱི་གདེངས་ཀ་ཕུལ། ནམ་མཁའི་ལྷ་ཕྲན་རྣམས་ཀྱིས་དྲིལ་བུ་རྣ་བའི་རྒྱན་དུ་ཕུལ། ལྷ་མོ་སྲིན་མོ་ཤ་ཟ་རྣམས་ཀྱིས་ཐོད་ཕྲེང་དང་ཐོད་ཁྲག་ཞག་གི་ཐིག་ལེ་ཟོ་རིས་རྣམས་ཕུལ། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་དྲེགས་པ་ཅན་ཐམས་