[A:༤༡བ]ཅད་ཀྱིས་འཁོར་དང་བྲན་གཡོག་ཏུ་ཁས་བླངས་སོ། །མདོར་ན་འདི་པའི་ལུགས་ཀྱི་ལྷ་མོ་ཨུ་མ་དེ་ཝི་ནི་ཡུམ་ཆེན་ཨེ་ཀ་ཛ་ཊི། དཀའ་ཟློག་མ། འཇིགས་བྱེད་ཆེན་མོ། ནག་མོ་ཆེན་མོ་སོགས་མཚན་གྱི་རྣམ་གྲངས་དང་ལྡན་པའི་ཡེ་ཤེས་དབྱིངས་ཀྱི་རྗེ་མོ་ཞེས་བྱ་བ་འཁོར་འདས་ཐམས་ཅད་དམ། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོར་འདོད་པ་ཡིན་ལ། ལྷ་མོ་དུང་སྐྱོང་མ་ནི་རྗེ་མོ་རེ་མ་ཏི་ཞེས་བྱ་བ། འདིའི་རིགས་ཐམས་ཅད་ཆིབས་སུ་བོང་བུ་ཆིབས་ཤིང་། ཕྱག་མཚན་རལ་གྲི་དང་ཐོད་ཁྲག་ནེའུ་ལེ་འཛིན་པ། གླང་ཆེན་དང་མི་ལྤགས་ཀྱི་སྟོད་གཡོགས། བ་ལང་གི་ཀོ་བ་དང་རེ་ལྡེའི་སྨད་གཡོགས་ཅན་དུ་འོང་བ་ཤས་ཆེ། སྲིན་མོ་དམར་འདབ་ཕུར་པའི་ལྷ་ནི་ཁོལ་མོ་རེ་མ་ཏི་འམ་བདུད་མོ་རེ་མ་ཏིར་གྲགས་པ་ཡིན། འདིའི་རིགས་རྣམས་དྲེའུ་ལ་ཞོན་ཞིང་ཕྱག་མཚན་ཁྲམ་བམ། བེ་ཅོན། དབྱུག་ཐོ། ནད་རྐྱལ། ནལ་ཐོད།