[A:༢༠༥ན] བཀོད་ནས། །གཞན་ལ་གཅོད་ཚེ་ཕན་ཚུན་མཚུངས་འདྲ་ཡི། །རྟེན་འབྲེལ་དབང་གིས་གཞན་ལ་གནོད་པ་བཞིན། །དེ་བཞིན་རང་གི་ཚེ་སྲོག་ལ་གནོད་པར། །བཤད་ཅིང་དེ་འདྲའི་གཏམ་རྒྱུད་མང་སྣང་བ། །འདི་ལ་གནད་ཀྱི་གདམས་པ་ཇི་ལྟར་ཡོད། །བླ་མར་ཐོས་སམ་ཡི་གེ་གཟིགས་ལགས་སམ། །ཞེས་གསུངས་པ་དེ་དག་གི་དགོངས་པའི་དོན་ཡང་གསལ་བར་བྱས་པ་ཡིན་ནོ། །དེ་ལྟ་བུའི་ནང་ཁྲིད་དམ་གསང་ཁྲིད་འདི་འཆད་དམ་ཉམས་སུ་ལེན་པ་སོགས་གང་བྱེད་ཀྱང་། གོང་དུ་བཤད་པའི་གོང་མའི་ཡི་གེ་ཐོར་བུ་བ་དེ་དག་སོགས་དང་། གཞན་ཡང་ཡར་ལུང་སེང་རྒྱལ། རྗེ་ཚུལ་ཁྲིམས་བཟང་པོ། འཇམ་དབྱངས་སངས་རིན། རྗེ་རྡོ་རིང་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། རྗེ་ཚར་ཆེན་རྣམས་ཀྱིས་མཛད་པའི་ཁྲིད་ཡིག་དངོས་དང་། དེ་ལ་ཕན་པའི་ཡིག་སྣ་ཆེ་ཆུང་དུ་མ་ཡོད་པ་རྣམས་དང་། ལྷག་པར་རྗེ་ཚར་པའི་གསུང་མ་ཉམས་པའི་རྒྱུན་མཁྱེན་བརྩེ་