[A:༢༠༥བ] ཆོས་རྗེས་ཟིན་བྲིས་སུ་བཏབ་པའི་ཁྲིད་ཡིག་ཆེན་མོ་དང་། དེའི་སྙིང་པོ་བསྡུས་པ་བདག་གི་བླ་མ་མཁན་ཆེན་འཇམ་པའི་དབྱངས་ཀྱིས་མཛད་པ་སོགས་དེ་དག་ལ་ཐོས་བསམ་མཐར་ཕྱིན་པར་བགྱིས་ན། ལུགས་འདི་ལ་མི་འཇིགས་པའི་སྤོབས་པ་ཐོབ་པ་ནི་ཁོ་བོས་ངེས་པ་ཐོབ་པ་ཡིན་ལ། དེ་བཞིན་དུ་སྲུང་འཁོར་བྲག་རྫོང་མའི་མན་ངག་ལ་མཁས་པར་འདོད་པ་རྣམས་ཀྱིས། ཐོག་མར་རྗེ་བཙུན་གྱི་དངོས་སློབ་དཀར་གྱིས་མཛད་པའི་ཡི་གེ་ནས་བཟུང་། བར་སྐབས་ཀྱི་བསྟན་འཛིན་སོ་སོས་མཛད་པའི་སྲུང་འཁོར་གྱི་ཡིག་སྣ་དུ་མ་འབྱུང་བ་དེ་རྣམས་དང་། ཁྱད་པར་རྗེ་རྡོ་རིང་པའི་ཡི་གེ་རྒྱས་པ། ཚར་ཆེན་གྱི་ས་བཅད། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་སྲུང་འཁོར་བར་ཆད་ཀུན་སེལ། བདག་ཆེན་རྡོ་རྗེ་འཆང་གི་གསུང་རྒྱུན་སྙན་བརྒྱུད་མ་ཉམས་པ། རྗེ་བློ་གསལ་རྒྱ་མཚོ་ལ་བཀའ་བབ་པ་བཞིན། སློབ་མ་རྣམས་ལ་ཇི་ལྟར་གསུངས་པ་ལྟར་ཟིན་བྲིས་སུ་བཏབ་པའི་ཁྲིད་ཡིག་རྗེ་མཁྱེན་བརྩེ་བ་དང་།