R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༡༣ན
[A:༢༡༣ན] འགྲུབ་ཅིང་། ཕྱི་མ་ལྷན་ཅིག་བདེ་བ་ཅན་དུ་པདྨོ་ལས་བརྫུས་ཏེ་སྐྱེས་ནས། རྒྱལ་བ་འོད་དཔག་མེད་ལས་ཐེག་ཆེན་ཆོས་ཀྱི་བདུད་རྩིའི་བཀའ་དྲིན་ནོས་ནས་ས་ལམ་རྣམས་སྐད་ཅིག་གིས་བསྒྲོད་དེ། རང་ཉིད་གྲོལ་བ་མཐར་ཕྱིན་ཅིང་། ཕྱིན་ཆད་ལས་ཉོན་གྱི་སྐྱེ་སྒོ་སྤངས་པའི་གང་འདུལ་གྱི་སྤྲུལ་པས་འགྲོ་ཀུན་སྨིན་གྲོལ་ལ་འགོད་ཅིང་། སྤྱི་དང་བྱེ་བྲག་གི་བསྟན་པ་རབ་ཏུ་གསལ་ཞིང་ཡུན་རིང་དུ་གནས་པར་བྱ་ནུས་པའི་མཐུ་སྟོབས་དང་ལྡན་པའི་སྨོན་གནས་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག དེ་དེ་བཞིན་དུ་གྱུར་ཅིག དེ་ལས་གཞན་དུ་ནམ་ཡང་མ་གྱུར་ཅིག ན་མོ་ཤྲཱི་བཛྲ་མཧཱ་ཀཱ་ལ་ས་པ་རི་ཝ་ར་ཡེ་མ་མ་པ་ཏི་ས་པ་རི་ཝ་ར་སྱ་ཨ་ཡུ་པུཎྱ་དྷན་ཤྩ་ཝརྟཱ་ནི་བིསྟ་ར་བྷ་ཝནྟུ། བཱ་ཧྱ་མུདྷྱ་ཡོཿ
དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ། །བདག་འཁོར་དང་བཅས་པའི་ཚེ་བསོད་ནམས་ནོར་ལོངས་སྤྱོད་འཕེལ་ཞིང་རྣམ་པར་རྒྱས་པར་མཛད་དུ་གསོལ། ཕྱི་དང་ནང་གི་མི་མཐུན་ཕྱོགས་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ།
སརྦ་ཨ་པཀྵ་ཨུ་པ་ཤིནྟཾ་