[A:༢༡༢བ] ཡུལ་ན་བྲྀ་ཥཿསྟེ་ཁྱུ་མཆོག་ཅེས་གྲགས་ཤིང་། རྒྱ་ནག་ལུགས་ལ་ལྕགས་མོ་སྦྲུལ་གྱི་ལོ་མེ་ཏོག་ཅན་གྱི་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ། གཟའ་དང་སྐར་མ་དང་སྦྱོར་བ་དང་བྱེད་པ་བཟང་པོ་འཛོམས་པའི་ཉིན། བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོའི་བཞི་ཐོག་བླ་བྲང་གི་ཡང་རྩེ་ངོ་མཚར་འཆི་མེད་རྡོ་རྗེའི་ཕོ་བྲང་ཨེ་ཝཾ་བྱང་ཆུབ་འབྱུང་བའི་གནས་སུ་བླ་མ་དང་མཁའ་འགྲོ་ཆོས་སྐྱོང་ཁྱད་པར་ཅན་རྣམས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་བཞིན་པའི་ངང་ནས་ལེགས་པར་སྦྱར་བའི་ཡི་གེ་པ་ནི། གསོ་བ་རིག་པ་ལ་མཁས་ཤིང་། ཡི་གེའི་འདུ་བྱེད་ལ་བྱང་ཆུབ་པ་གདོང་ག་བ་བསམ་པ་དོན་ཆེན་དང་། ཨཱ་ཀྵ་རའི་བྱ་བ་ལ་ཕུལ་དུ་ཕྱིན་ཅིང་དཔལ་དུས་ཀྱི་འཁོར་ལོའི་རྩིས་གཞུང་རྒྱ་མཚོ་ལ་ལེགས་པར་སྦྱངས་པ་ཤབ་སྟོད་པ་བཀྲ་ཤིས་དོན་གྲུབ་གཉིས་ཀྱི་སོར་མོའི་འདུ་བྱེད་ལས་བསྐྲུན་པའོ། །འདི་བགྱིས་དགེ་བས་བདག་ཅག་དཔོན་སློབ་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་སྟེ། དུས་འདིར་ཚེ་རིང་ནད་མེད་བསམ་དོན་ཡིད་བཞིན་དུ་