[A:༤༤བ]ཤ་ཁྲག་དང་སྲོག་དབུགས་བྱིན། གཉའ་གནོན་དུ་མགོན་པོ་ལྕམ་དྲལ་གྱི་ཐུགས་ཀ་ནས་སྤྲུལ་པའི་གནོད་སྦྱིན་ཡབ་ཡུམ་བསྐོས་ཏེ། ནག་པོ་ཆེན་པོའི་བཀའ་ཉན་གྱི་གཙོ་བོར་བྱས་ནས། དེ་སྒྲུབ་པའི་ཐབས་སུ་དྲེགས་པ་ཕོ་མོའི་རྒྱུད་ཅེས་བྱ་བ་གསུངས་པར་བཤད་དོ། །པུ་ཏྲ་མིང་སྲིང་འདི་དག་ས་དང་པོ་ལ་གནས་པའི་ཚུལ་འཛིན་པ་ཡིན་ནོ། །ཞེས་ཀྱང་སྒྲུབ་ཡིག་གི་མཆན་བུ་རྙིང་པ་དག་ལས་འབྱུང་ངོ་།། ༈ །།འདིར་ཞར་ལས་འོངས་པ་མོན་ཆུང་པུ་ཏྲ་མིང་སྲིང་གི་བྱུང་ཚུལ་ནི། སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མུ་སྟེགས་ཀྱི་རྣལ་འབྱོར་པ་ཞིག་གིས་ནགས་ཁྲོད་གཅིག་ཏུ་སྒོམ་ཞིང་ཡོད་ཙ་ན། བདུད་ལྷ་སྦྱིན་བྱ་བས་དངོས་སུ་འོངས་ནས་ཆ་རྐྱེན་རྣམས་ཕྲོགས། ལུས་བརྡུང་བརྡེག་གིས་ཉམ་ཐག་པར་བྱས་པ་ན། དུས་རེ་ཞིག་གི་ཚེ། མི་ནག་པོ་ཤིན་ཏུ་ཁྲོས་པའི་གཟུགས་ཅན་ཞིག་བྱུང་ནས་རྐྱལ་འབུད་ཀྱི་མན་ངག་ཟབ་མོ་བྱིན་ཏེ། མན་ངག་འདིས་ལྷ་མ་ཡིན་ཐམས་ཅད་འདུལ་བ་