[A:༤༥ན]ཡིན་ནོ་ཟེར་ནས་བཀའ་རྒྱས་བཏབ་ནས་སོང་། དེ་ནས་སྔར་གྱི་བདུད་ལྷ་སྦྱིན་དེ་ལྔར་སྤྲུལ་ནས་བྱུང་བ་ཐམས་ཅད་རྐྱལ་འབུལ་གྱི་མན་ངག་རྣོ་ཞིང་མྱུར་བ་དེས་བསད་པས། མོན་མོ་སྔོ་བསང་མ་ལག་པ་གཡས་ན་གསེར་གྱི་སྤུ་གྲི་ཐོགས་པ་ཞིག་བྱུང་ནས། མིང་པོ་ཁྱོད་རྣོ་ལ་མྱུར་བའི་ལས་ཤིག་བྱེད་ཀྱི་འདུག་པ། ངས་ཀྱང་ཞབས་ཏོག་བྱེད་ཟེར་ནས་ནུབ་རེ་ལ་ལྷ་སྦྱིན་རེ་བསད་པ་དང་། མོན་མོ་ན་རེ། གདམ་ངག་དེ་ང་ལ་བྱིན་ཟེར་བ་ལ། བཀའ་རྒྱ་དམ་པས་མི་སྟེར་བྱས་པས། མོས་གསེར་སྲང་བདུན་ཕུལ་གདམས་ངག་ཕྲོགས་ཐབས་སུ་ཁྱེར་སོང་ནས། མོན་མོ་དེ་མིང་སྲིང་གསུམ་ཡོད་པས། གསུམ་ཀས་མན་ངག་དེའི་སྒོ་ནས་སྡང་དགྲ་ཀུན་བསད། དེ་ནས་ཕ་མ་གཉིས། མིང་སྲིང་གསུམ་དང་བཅས་པ། བཅོམ་ལྡན་འདས་ཀྱིས་དམ་ལ་བཏགས་ནས་བསྟན་པ་བསྲུང་ཞིང་ནག་པོ་ཆེན་པོའི་བྲན་དུ་བཀའ་བསྒོས་སོ། །དེ་ནས་པཎྜི་ཏ་དྷརྨ་ཕ་ལ་བོད་