R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༧བ
[A:༧བ]སྐད་ཅིག་ཀྱང་མི་འབྲལ་བར་འགྲོགས་ནས། འཕྲིན་ལས་མ་ལུས་པ་ཐོགས་པ་མེད་པར་[C:268]བསྒྲུབ་བོ། །དུས་ཕྱིས་ཀྱང་དམ་པ་འདིའི་དྲུང་དུ་རྙིང་མའི་རྒྱུད་འབུམ་གྱི་ལུང༌། སྒྱུ་འཕྲུལ་གྱི་དབང་ལུང་མན་ངག་ཆ་ལག་དང་བཅས་པ་གཏེར་ཁ་གོང་འོག་གཉིས་ལ་གྲགས་པའི་དབང་ལུང་མན་ངག་ལས་ཚོགས་དང་བཅས་པ་ཕྲ་མོ་རྣམས་ཀྱང་རྫོགས་པར་གསན་ནས་མཁྱེན་པར་མཛད་ལ། གྱིང་པ་སྤྲུལ་སྐུ་སོགས་ལ་བླ་མ་དགོངས་པ་འདུས་པའི་དབང་ལུང་མན་ངག་སོགས་ཆོས་སྐོར་མཐའ་དག་པར་གསན་ཞིང༌། ཡབ་རྗེའི་དྲུང་དུའང་ཡབ་ཆོས་རྙིང་མའི་སྐོར་མང་དུ་གསན་ནོ། །རབ་ཏུ་བྱོན་མ་ཐག་པ་ནས་བོད་ཀྱི་རྡོ་རྗེའི་གདན། དཔལ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་ཕྱགས༌[B:༡༩] ཕབ། མཐོང་སྨོན་གྲྭ་ཚང་གི་སློབ་དཔོན་མཁས་པ་ཆེན་པོ་དཀོན་མཆོག་བཟང་པོ་ལ་གཏུགས་ནས། གསང་ཕུ་བ་ལ་གྲགས་པའི་ཕར་ཚད་བསྡུས་གསུམ་ལ་ལེགས་པར་སྦྱངས་ཤིང༌། ཁྱད་པར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་ལ་མཁས་པར་མཛད་དོ། །རྡོ་རྗེ་འཇིགས་བྱེད་ཀྱི་དབང་བསྐུར་བ་རིགས་མི་ཅིག་པ་མང་པོ་དང༌། རྒྱུད་རྟོག་བདུན། རྟོག་གསུམ། གཏམ་རྒྱུད་ཀྱི་རྟོག་པ་རྣམས་ཀྱི་བཤད་པ། ལས་ཚོགས་ཀྱི་མན་ངག། །སྔགས་བཏུའི་བྱིན་རླབས། སྔགས་བཏུ། སྔགས་ཀྱི་རྗེས་གནང་སོགས་དང་རྭ་ལོའི་ཤོག་དྲིལ་སོགས་མན་ངག་མང་པོ་གསན་ཞིང༌། ཐམས་ཅད་མཁྱེན་པ་སངས་རྒྱས་དཔལ་བ་ལས་བརྒྱུད་པའི་མི་གཡོ་བ་དཀར་པོ་རྗེས་གནང༌། སྒྲུབ་ཐབས། ལས་ཚོགས་ལ་སོགས་པའི་ཆོས་སྐོར་ཡོངས་སུ་རྫོགས་པ་དང༌། དེ་ལས་རྒྱུད་པ་དཔལ་ལྡན་ས་སྐྱ ་པའི་ཆོས་སྐྱོང་གུར་གྱི་མགོན་པོའི་རྗེས་གནང་རིགས་