[A:༡༠བ]རིན་རྒྱལ་བ་ལས། དུས་ཀྱི་འཁོར་ལོའི་དབང་ལྷ་མང་ཉུང་དང་དཀྱིལ་འཁོར་གྱི་ཁྱད་པར་ལས་རིགས་མི་འདྲ་བ་མང་པོ་དང༌། དབང་མདོར་བསྟན་རྩ་འགྲེལ། སྡུས་རྒྱུད་རྩ་འགྲེལ། ལྟ་འདོད་མདོར་བསྟན། དོན་དམ་བསྙེན་པ་དང་བཅས་པའི་བཤད་པ་ལན་མང་དུ་གསན་ནས་ཚིག་དོན་མཐའ་དག་ལ་མཁས་པར་མཛད་ཅིང༌། རྡོ་རྗེ་སྙིང་འགྲེལ་དང་ཕྱག་རྡོར་བསྟོད་འགྲེལ་སོགས༌[B:༢༤] བྱང་ཤམབྷ་ལ་པའི་ཆོས་སྐོར་མང་པོ་དང༌། རྣལ་འབྱོར་ཡན་ལག་དྲུག་པ་ལསལ་སོགས་པ་ཀུན་མཁྱེན་ཇོ་ནང་པ་ལས་བརྒྱུད་པའི་ཆོས་སྐོར་མཐའ་དག་གསན། འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར་ཡུན་དུ་བསྟེན་ནས། དུས་ཀྱི་འཁོར་ལོ་ཙ་མི་ལོ་ཙཱ་བ་ནས་བརྒྱུད་པའི་དབང་ལུང་མན་ངག་བཤད་པ་དང་བཅས་པ་རྣམས་དང༌། ཀརྨ་པ
་ལ་གྲགས་པའི་དབང་དང་གདམ་ངག་མ་ལུས་པ་རྣམས་དང༌། ཞྭ་ནག་ཅན་རྒྱུད་པ་དྲུག་གི་བཀའ་འབུམ་ཡོངས་སུ་རྫོགས་པ་ལ་སོགས་པ་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཕལ་ཆེ་བ་རྣམས་དང༌། རྒྱུད་པ་གཞན་ལས་བྱུང་བའི་ཆོས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་གསན་ཡིག་ན་[C:275]བཞུགས་སོ་འཚལ་ཞུས་ནས་མཁྱེན་པར་མཛད། མཁྱེན་རབ་ཀྱི་དབང་ཕྱུག་གྲགས་པ་འབྱུང་གནས་པའི་དྲུང་དུ། གདན་ས་ཐེལ་པ་ལས་བརྒྱུད་པ་དང༌། ཞྭ་ལུ་པ་ལས་བརྒྱུད་པ་གཙོ་བོར་གྱུར་པའི་དབང་རྗེས་གནང་ལུང་མན་ངག་དང་བཅས་པ་དཔག་ཏུ་མེད་པ་གསན། གྲུབ་པའི་དབང་ཕྱུག་ཆེན་པོ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན་པ་ལས། རྒྱལ་བའི་གསུང་རབ་བཀའ་འགྱུར་རོ་ཅོག་གི་ལུང་དང༌། བསྟན་འགྱུར་ཕལ་ཆེ་བའི་ལུང་རྡོ་རྗེ་འཕྲེང་བ་དང༌། མི་ཏྲ་བརྒྱ་རྩ། བསྒྲུབ་ཐབས་བརྒྱ་རྩ། རྒྱ་མཚོ་རྣམས་གཙོ་བོར་གྱུར་པའི་དབང་བསྐུར་བ་