[A:༡༨བ]སྩལ་མ་ཐག་ཏུ་ཁ་བ་བབ་ནས། དགེ་འདུན་རྣམས་མེའི་འཇིགས་པ་ལས་སྐྱོབ་པར་མཛད་པ་དང༌། ཡར་ལུངས་སུ་ཐན་པས་ལོ་ཐོག་མ་རུངས་པར་གྱུར་ནས་ཆར་འབེབས་པར་གསོལ་བ་ན། ཁྲ་འབྲུག་ཏུ་ཆུ་མིག་ཁར་ཀླུ་བརྒྱད་དཀྱིལ་འཁོརབགྱིད་དུ་རྩལ་བ། མཆོད་གཡོག་པ་ཡེངས་པའི་སྐབས་ཤིག་ཏུ་གཏོར་མ་རྣམས་བོང་བུས་ཟོས་ཤིང་དཀྱིལ་འཁོར་ཀྱངཡང་ཅུང་ཟད་ཉམས་པར་བྱས་པ་གཟིགས་ནས། བཅུད་ལ་འབོར་བའི་སླད་དུ་ཆུ་མིག་དེ་ཉིད་ཆེར་བྲུས་ནས་སྐུའི་མགྲིན་པ་མན་ཆུ་ནང་དུ་ཞུགས་ཏེ་རྡོ་རྗེའི་སྐྱིལ་དཀྲུང་བརྟེན་པར་བཅས་ནས་ཏིང་ངེ་འཛིན་ལ་བཞུགས་པས། དེ་མ་ཐག་ཆར་གྱི་རྒྱུན་དྲག་པོར་བབ་པས་སྣེ་གདོང་ཟམ་མོ་ཆེ་ཤམ་ཆུས་ནོན་པ་བྱུང་ཞིང་སྐྱེ་དགུ་རྣམས་དབུགས་དབྱུང་བར་མཛད༌[B:༣༨] པ་དང༌། འཕན་ཡུལ་རྒྱལ་གྱི་ཕུའི་སྲིན་ལུང་ན་གླ་བ་ཤིང་གི་ནགས་ཚལ་ཆེན་པོ་ཀླུ་བདུད་གདུག་པ་ཅན་ཆགས་པས་ཡུལ་ཕྱོགས་དེའི་མནའ་ས་བྱེད་པ། དེ་ནས་ཤིང་ཡོག་པ་ཙམ་ཁྱེར་ནའང་ཤུ་ཐོར་འབྱུང་བ་ཞིག་ཡོད་པ་མཁར་རྩེ་བ་ལ་བླངས་པ་ན། ལྷ་འདྲེས་བདག་ཏུ་བཟུང་པ་[C:292]ཡིན་པས། ཀླུ་དེ་ཉིད་ལ་སློང་བར་མཛོད་ཅིག་པའི་ཞུ་ལན་བྱུང་བས། ཤིང་སྡོང་རྣམས་ཀྱི་ནང་ནས། ཆེ་བ་ཅིགགཅིག་གི་གམ་དུ་ཆུ་མིག་བསྐྱིལ། ཀླུ་ཁང་བརྩིགས། ཀླུ་གཏེར་བཅུག །ས་ཕྱོགས་དེའི་ཀླུ་ཐམས་ཅད་སྤྱན་དྲངས་ནས་རྟེན་དེ་ལ་བཞུགས་པར་གསོལ་ཏེ་བཀའ་བསྐོས། ཤིང་གཞན་རྣམས་བླངས་པས་ཀླུ་ཆེན་པོ་དེ་རྣམས་ཀྱིས་གུས་པ་དང་བཅས་ཏེ་ཕུལ་བ་བཞིན་ཤིང་བཅད་པ་ན། ལྕེ་གཉིས་སྨྲ་བ་དག་གིས་མཁར་རྩེར་སྙན་བརྒྱངས་ནས་ཡུལ་གྱི་བདག་པོ་ལ་གནོད་འཚེ་འབྱུང་སྲིད་པ་དང་ལུང་པ་ལ་སེར་བ་བྱུང་དོགས་པ་སོགས་ཀྱི་སྐྱོན་ནད་བཀོད་དེ་ཤིང་རྣམས་མི་འདྲེན་པར་གསོལ་བ་ན། བདག་ཉིད་ཆེན་པོ་འདིས་ལོ་གསུམ་གྱི་རིན་ལ་མཁར་རྩེ་བའི་ཞལ་ངོ་གང་ཡོད་ཀྱི་སྐུ་འོག་གིི་ཁག་