[A:༡༩ན]དང་རྒྱལ་ལུང་པར་སེར་བ་མི་འབྱུང་བའི་ཁག་བཞེས་ཏེ་ཕྱག་རྟགས་གནང༌། ཞལ་ངོ་རྣམས་ལ་བསྲུང་བའི་འཁོར་ལོས་རྡོ་རྗེའི་གོ་ཆ་བརྩནབཙན་པོ་དཀོན། རྒྱལ་གྱི་རི་རྣམས་སུ་སེར་འཐོས་བསྐོར་ནས་ཤིང་དེ་རྣམས་དྲངས་ཏེ་གཟིམས་ཁང་འོག་གི་ཉི་ཐོག་མན་གྱི་ཤིང་ཆ་མཐའ་དག་གླ་བ་ཤིང་འབའ་ཞིག་ལ་མཛད་པས། མཁར་རྩེ་བའི་ཞལ་ངོ་ལ་དེ་ནས་ལོ་བདུན་གྱི་བར་གྲོངས་ཆད་མ་བྱུང་ཞིང༌། དུས་ཕྱིས་ནང་སོ་ནམ་ལེགས་པས་སེར་མཐོ་ཅིག་ལ་ནང་ན་ཅི་འདུག་གཟིགས་པའི་ཕྱིར་གཤིག་པའི་རྐྱེན་གྱིས་སེར་བ་ཅུང་ཟད་ཙམ་ཤོར་བ་མ་གཏོགས། དེ་ཡན་དུ་མི་ཐོག་གི་རིང་ལོ་མང་པོའི་བར་ལ་རྒྱལ་གྱི་ལུང་པར་སེར་བ་བྱ་བ་མིང་ཙམ་དུ་བས་པའི་བཀའ་དྲིན་བརྩལབསྩལ་བ་དང༌། ལུག་ལོའི་ཆུ་མོར་ཆེར་གྲགས་པ་རྒྱལ་ཁམས་མང་པོ་ཆུའི་འཇིགས་པས་གྱ་ཉེས་པར་བྱས་པའི་ལོ། སྐྱིད་ཆུ་སྔོན་མོ་འདམ་[C:293]རྫབ་ནག་པོའི་རལ་པ་གཟིངས་ཤིང་དྲག་ཏུ་འབྲུབ་[B:༣༩] པའི་འུར་སྒྲ་དང༌། རྦ་རླབས་རབ་ཏུ་གཡོ་བས་གྱེན་དུ་ལྡང་ཞིང་ཆུའི་སྦུད་ཀྱིས་ལྗོན་ཤིང་ཆེན་པོ་རྣམས་ཀྱང་རྩ་བ་ནས་འདོན་ལ། རྡོ་དང་བསེག་མ་རྣམས་ནི་སྐད་ཅིག་གིས་གཏོར། རགས་དང་ཁང་པ་རྣམས་ཀྱང་ཚལ་བར་བཤིག །ནེའུ་བསིང་ཤིན་ཏུ་མཛེས་པ་དག་ཀྱང་ཐར་ཐོར་དུ་བཅོམ་ནས་གྲམ་པར་འགྱུར་བའི་འཇིགས་པ་དང་བཅས་པས། ལྷོ་རགས་ཀྱི་བྲེས་ལས་འདས་ཏེ། སྐོར་ལམ་དང་ཁྲོམ་འདུ་བའི་ཡུལ་ས་མཐའ་དག་ཆབ་ཀྱིཀྱིས་གང་ནས། གཙུག་ལག་ཁང་ཆེན་པོའི་ནང་དུ་གཙང་ཆབ་ཤོར་ལ་ཉེ་བ་སོགས། ལྷ་ས་ཆབ་ཀྱིས་འཇིག་པ་ལ་ཐུག་ནས་ཅི་བྱའི་གཏོལ་དང་བྲལ་བར་གྱུར་པ་ལ། བདག་ཉིད་ཆེན་པོ་འདི་ལ་སྐྱབས་ཞུས་པ་ན། ལྷོ་རགས་ཀྱི་ཐོག་ཏུ་ཐག་ཤས་རེ་ཙམ་དུ་ཐོ་རེ་མཛད་པ་ལ། མ་ཧཱ་ཀ་ལ་ཆུ་བསྒྱུར་ཟེར་བའི་ཡི་གེ་རེ་འདོགས་པར་མཛད་པའི་