[A:༡༩བ]མོད་ཉིད་དུ་བྲེས་ལས་འདས་པའི་ཆུ་རྣམས་ཇེ་ཆུང་ལ་སོང་ཞིང༌། དེ་ནུབ་ནས་སྐྱི་ཆུ་ལྷོ་ཕྱོགས་སུ་འགྱུར་ཏེ། ལྷ་ས་ཆུའི་འཇིགས་པ་ལས་སྐྱོབ་པར་མཛད་པ་དང༌། ནཱ་ལེནྡྲའི་དབྱར་ཆོས་ཀྱི་དུས་ལ་སོགས་པར་སྦྱིན་པའི་བདག་པོ་ནད་གྱིས་ཉེན་པའི་སྐྱབས་གནས་སུ་སྤྱན་འདྲེན་པ་ན། ཉིན་མོའི་གསུང་ཆོས་མི་འཆག་པར་བརྩལབསྩལ་ནས། མཚན་མོ་ནད་པ་ལ་སོགས་པའི་སྐྱབས་མཛད་པར་ཐེགས་པས། ལན་ཅིག་གི་ཚེ་ཆར་མུན་རབ་ཏུ་འཐིབས་པས་ལམ་གྱི་འཕྲོ་སྟོར་ནས་དཔོན་སློབ་པ་གཡང་ཆེན་པོ་ལ་ཟགས་སུ་ཉེ་བར་གྱུར་པས། ཆོས་སྐྱོང་ལ་འབོད་པར་མཛད་མ་ཐག་ནམ་མཁའ་ནས་གཟའ་བདུད་ཆེན་པོ་ས་ལ་བབས་པའི་འོད་ཀྱིས་ལམ་སྣང་བར་མཛད་ནས་ཅི་[C:294]བདེ་བར་བྱོན་པ་དང༌། བྱིང་བས་གམ་པ་རྫོང་འཛིན་དུས། གོང་དཀར་ནས་སྐོར་འབེབས་དང་གཏོར་རྒྱག་སོགས་ཀྱིས་རྫོང་བ་ཉམས་ཉེས་ཤིང༌། རྫོང་བསྲུངས་པ་ཕལ་ཆེར་རིམས་ནད་ཀྱིས་གཙེས་པས་འགུལ་མི་ཤེས་པ་ལྟར་གྱུར་པ་ན། བདག་ཉིད་ཆེན་པོ་འདིའི་བཞུགས་གདིང་ཞིག་ཡོད་པ་གཟིམས་ཆུང་གི་སྒོ་ལ་བཀབ་པས། སྒོ་དེའི་ནང་དུ་གནས་པའི་དཔོན་གཡོག་ལྔ་ཁོ་ན་ལ་ནད་དེས༌[B:༤༠] མ་ཚུགས་པས། ན་མ་འདོན་པ་སོགས་གྲུབ་སྟེ་རྫོང་པ་ཐམས་ཅད་སྲོག་གི་འཇིགས་པ་ལས་སྐྱོབ་པར་མཛད་པ་དང་མཁའ་རེག་སློབ་དཔོན་པ་དཔོན་གཡོག་ལ། གནས་བདག་དགའ་བ་དཔལ་གྱིས་གནོད་འཚེ་ཆེན་པོ་བྱུང་བའི་དུས། བདག་ཉིད་ཆེན་པོ་འདི་སྤྱན་དྲངས་པ་ན་སྔོན་རྟགསསྟག་རྩེ་རྫོང་དུ་དམ་ལ་བཏགས་པའི་དམ་ཚིག་བསྒྲགས་ཏེ་བཀའ་ཤོག་སྤྲིངས་ཡིག་དུ་བཀོད་པ་ལྷ་རྟེན་ལ་བཏགས་པས། དེ་མ་ཐག་ཏུ་རྐྱེན་ལས་གྲོལ་བ་དང༌། སྨྱུག་ལ་རྫོང་དུ་འབྱུང་པོའི་ཆོ་འཕྲུལ་ཆེན་པོས་རྩེན་པ་ལ་བདག་ཉིད་ཆེན་པོ་འདིས་དྲག་པོའི་སྦྱིན་སྲེག་མཛད་པས། མི་མ་ཡིན་དངངས་