[A:༢༥ན]མངོན་པར་མི་དགེསདགྱེས་པ་དང༌། བདག་ཏུ་འཛིན་པ་ལ་སོགས་ཅུང་ཟད་ཀྱང་མི་མངའ་ཞིང༌། རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་ལ་དབང་འབྱོར་པ་སོགས། ས་དང་པོ་ནས་བདུན་པའི་བར་གྱི་ཡོངས་སྦྱོང་གི་རྟགས་རྣམས་ཀྱང་གསལ་བར་མངའ། གཞན་དག་གིས་བསྐལ་པར་འབད་ཀྱང་འགྲུབ་མི་སྲིད་པའི་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བསྒྲུབ་པ་ལ་བར་དུ་གཅོད་པའི་མཚན་མ་ཙམ་ཡང་མི་མངའ་བར་བདེ་བླག་ཏུ་འགྲུབ་པ་རྣམས་ནི་ལྷའི་བུའི་བདུད་བཅོམ་པའི་རྟགས་དང༌། ལས་ངན་པ་ལ་རྟག་པར་སྤྱོད་པ་དག་གིས། དུག་གི་སྦྱོར་བ་ཞུས་པས་ཅུང་ཟད་མཉེལ་བ་ལན་གསུམ་གྱི་བར་དུ། སྨན་པ་ལ་མ་ལྟོས་པར་ཐུགས་དམ་ཁོ་ནའི་སྟོབས་ཀྱིས་སྙུན་ལས་གྲོལ་པར་མཛད་པ་སོགས་ནི་ནང་དུ་དུག་གསུམ་བཅོམ་པའི་དབང་ལས་ཏེ་ཉོན་མོངས་པའི་བདུད་བཅོམ་པའི་[C:306]རྟགས་དང༌། འཆི་བ་མེད་པའི་རིག་འཛིན་མངོན་དུ་མཛད་ནས་དག་པའི་ཞིང་རྣམས་སུ་རྫུ་འཕྲུལ་གྱི་རྣམ་པར་རོལ་པའི་ངང་ལས་སྤྲུལ་པའི་སྐུ་རྒྱུན་མི་འཆད་དུ་འབྱོན་པར་མཛད་པ་ནི་འཆི་བདག་གི་བདུད་བཅོམ་པའི་རྟགས་དང༌། གཞན་སྣང་ལ་སོ་སོ་སྐྱེ་བོའི་ཚུལ་འཛིན་ཀྱང་འཇའ་ལུས་བརྙེས་པ་ལ་སོགས་པའི་གསང་བའི་རྣམ་ཐར་རྣམས་ནི་ཕུང་པོའི་བདུད་བཅོམ་པའི་རྟགས་དང༌། དུས་ཕྱིས་ཉིན་མོའི་ཐུན་མཚམས་འགའ་ཞིག་ཏུ་གཞན་སྣང་ལ་རྣལ་མཆོག་ཅུང་ཟད་ཙམ་མཛད་པ་ལྟར་སྣང་ཀྱངཡང་མཚན་མོ་རྣལ་བ་སུ་ཞིག་གིས་ཀྱང་མ་ཚོར་བ་ལ་སོགས་པ་ནི་མ་རིག་པའི་གཉིད་ལས་སངས་པའི་རྟགས་དང༌། རྣམ་གྲོལ་དོན་དུ་གཉེར་བ་རྣམས་ལ་ཉེ་བར་མཁོ་བའི་དོན་མི་མཁྱེན་པ་འགའ་ཡང་མི་མངའ་བ་ནི་ཤེས་བྱ་ལ་བློ་གྲོས་རྒྱས་པའི་རྟགས་དང༌། འབད་རྩོལ་མེད་པར་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་རྒྱ་ཆེན་པོ་ཤུགས་ཀྱིས་འགྲུབ་པ་ནི། ཁྱབ་པ་དང་