[A:༢༦ན]སུ་ཡོད་དོ་ཅོག་བརྩལབསྩལ་བ་ན། བདག་རྐྱེན་དུ་མཛད་ནས་ཆ་དགོན་ཕུག་པ་ལ་སོགས་པར་འཆད་ཉན་ཁོ་ན་ལ་བརྟུན་པ་མི་ལྷོད་པས་ཀློག་པའི་གྲྭ་ལས་གཞན༌[B:༥༡] དུ་མི་འཆེལ་བའི་གོ་བཞེས་ཏེ། ལསལ་སྟོད་ལྷོ་བྱང་ནས་དྭགས་ཀོང་གི་བར་སྟོད་སྨད་ཡན་ཕྱིན་མཐའ་དག་ཏུ་ཆོས་བར་ལ་བཏེག་ནས། དམ་པའི་ཆོས་ཀློག་པ་ཁོ་ན་ལྷུར་མཛད་པ་ལས། བུ་སློབ་ཀྱི་འདུ་བ་རྒྱ་མཚོ་ལྟ་བུར་འཕེལ་ཞིང༌། ཕལ་ཆེ་བ་གཞན་དོན་ནུས་པའི་དགེ་བའི་བཤེས་གཉེན་[C:308]བརླབསརླབས་པོ་ཆེ་ཤ་སྟག་དུ་ཚར་བས། བསྟན་པ་ལ་ཕན་པ་དཔག་ཏུ་མེད་པ་མཛད་ཅིང༌། དུས་ཕྱིས་རོང་སྟོང་ཐམས་ཅད་མཁྱེན་པ་གནས་ངེས་མེད་དུ་འཆད་ཉན་མཛད་པའི་ཟུར་ཆོས་པའང་ཡུན་རིང་དུ་མཛད་དེ། རིགས་ལྔ་ལྷ་ཁང་དང༌། སྲིན་པོ་རི། ཆུ་ཤུལ་གནས། བྱང་ཆུབ་གླིང༌། དོ་མ་ཤེལ་གྲོང༌། བོད་ཀྱི་རི་བོ་རྩེ་ལྔའི་མགུལ་ལ་སོགས་པ་རྣམས་དང༌། སྙེ་ཕུ་ཤུག་གསེབ། བསམ་ཡས། གྲྭ་ཐང༌། བྱིང༌། བྱ་ས། ཐང་པོ་ཆེ། ཁྲ་འབྲུག །རྩེས་ཐང༌། སྣེ་གདོང༌། རྒྱལ་བཟང་ལ་སོགས་པ་རྣམས་དང༌། ཕན་ཡུལ་གྱི་གྲོ་ས། ཉན་པོ། སྐམ་དགོན། མཁར་རྩེ། གླང་ཐང༌། རྒྱལ་ལྷ་ཁང༌། གྲབ་ཀྱི་ཕུ་མདའ་ལ་སོགས་པ་དང༌། ལོ། བྱ་ཡུལ། སྤངས་ས། རྒྱ་སྟེངས། ཨེ་ཝཾ་གས་དབུ་རུ་སྟོད་ཀྱི་སའི་ཆ་རྣམས་དང༌། དྭགས་པོར་སྣང་གྲུམ་ལུང་ཕུ་མདའ། སྒམ་པོ། ལོ་རླན་སོགས་སུ་ལན་མང་དུ་ཕྱགས་ཕེབས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། གཞན་ཡང་ཡར་ཀླུངས་སྟོད་སྨད། སྐྱིད་གཡོར། དབུས་རི། དབུར་ཕན་སོགས་གནས་གཅིག་ཏུ་མ་ངེས་པའི་ཡུལ་གྲུ་མང་པོར་ཆོས་ཀྱི་དགའ་སྟོན་བརྩལ་ལོབསྩལ་ཏོ། །དེ་ལྟར་རྣམ་པར་དཀར་བའི་འཕྲིན་ལས་ཆེན་པོའི་ངང་ཉིད་དུ། ཤྲི་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོའི་གཞི་ཐིངས་རྗེས། དགུང་ལོ་བཞི་བཅུ་ཞེ་ལྔ་བཞེས་པ། ཆུ་ཕོ་ཁྱི་ལོའི་དབྱར་ཆོས་