[A:༢༦བ]ཀྱི་ཐོག་ཏུ། ཀུན་མཁྱེན་རོང་པོ་ཉིད་ཀྱིས་རྒྱལ་ཚབ་དམ་པར་མངའ་གསོལ་ནས། གདན་སར་བསྐོས་ཏེ། དཔལ་ནཱ་ལེནྡྲའི་ཆོས་སྡེར་གཏོགས་སོ་ཅོག་གི་གཙུག་གི་ནོར་བུར་གྱུར་ལ། དེ་དག་གི་བར་སྐབས་སུ་ལྷོ་པ་ཁྲི་དཔོན་གྱིས་ལ་སྟོད་ལྷོར་སྤྱན་དྲངས་ནས་ཤེལ་དཀར་ཆོས་སྡེའི་[C:309]ཚོགས༌[B:༥༢] པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཞིང་། ཕུགས་གསར་དབྱར་ཆོས་བར་ཕྱི་ཐོས་བསམ་རྒྱ་ཆེན་པོ་འབྱུང་བའི་སྲོལ་བཏོད་པར་མཛད་པ་དང༌། ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བས། རྒྱངས་རྩེ་ཆོས་སྡེའི་གདན་ས་སྐྱུར་ནས་ཡོན་མཆོད་ཁ་རྒྱས་མཛད་པ་ན། ཁོང་བས་ལྷག་པ་བདག་ཉིད་ཆེན་པོ་འདི་འབའ་ཞིག་ཏུ་བསམས་ནས་གདན་ས་མཛད་པར་གསོལ་བ་བཏབ་པ་ལ། ཀུན་མཁྱེན་རོང་པོའི་བཀའ་མ་ཆོག་པས་གདན་སར་མ་བཞུགས་ཀྱང༌། དཔལ་འཁོར་བདེ་ཆེན་གྱི་འདུས་པ་ཆེན་པོའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་ཡུན་རིང་དུ་བསྐོར་ཞིང༌། རིན་སྤུངས་ནང་སོ་དཔལ་རིན་པས་གསུང་ཆོས་ཞུར་བར་སྤྱན་དྲངས་པའི་ཞོར་ལས་བྱམས་ཆེན་གྱི་ཚོགས་སུ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད། ཧེནྟུ་ཆེན་པོ་ཀུན་དགའ་རྒྱལ་མཚན་པས་སྤྱན་དྲངས་ནས། སྔོན་དགའ་ཆོས་སྡེའི་དགེ་འདུན་གྱི་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ལན་མང་དུ་མཛད། མཐོང་སྨོན་གཟིམས་ཁང་གི་ཞིག་སོས་ལ་ཕྱགས་ཕབ་པའི་དུས་ལ་སོགས་པ་སྐབས་མང་པོར། གསང་ཕུའི་ཚོགས་པ་ལའང་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་ལ། སྣེ་གདོང་དུ་ཕེབས་དུས་ལ་སོགས་པར། སྤུ་གུ་དོ་གྲྭ་ཚང་གི་ཆོས་ཁྲི་དམར་པོའི་ཐོག་ནས་རྩེས་ཐང་གི་འདུས་པ་ཆེན་པོའི་ཚོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་ལན་མང་དུ་མཛད། བསམ་ཡས་ཀྱི་ཡུ་འབྲོག་ཆོས་