[A:༣༠བ]ས་ན་རྣག་ཁྲག་མེད་པ་དང༌། རྣག་ཁྲག་གི་གོ་ས་ན་བདུད་རྩི་མེད་པ་བཞིན་ནོ། །ཞེས་དམ་བཅའ་བར་མཛད་དོ། །དེ་ལ་ཐོག་མར་ཐལ་ངག་ཏུ་མ་བཙུག་པར། ཁྱེད་ཀྱི་ལུགས༌[B:༥༩] ལ་རི་རབ་གཅིག་གི་གོ་ས་ན་རི་རབ་གྲུ་བཞི་དང་ཟླུམ་པོ་གཉིས་ཀ་ཡོད་ལ་གྲུ་བཞིའི་གོ་ས་ནི་འདིའོ། ཟླུམ་པོའི་གོ་ས་ནི་འདིའོ། ཞེས་སོ་སོར་ངོས་བཟུང་རྒྱུ་མི་འདུག་པས། རི་རབ་ཟླུམ་པོའི་གོ་ས་ན་རི་རབ་གྲུ་བཞི་ཡོད་པར་འདོད་དགོས་པ་འདྲ་ཞེས་གསུངས་པ་ན། དེ་འདྲ་ཤེས་བྱ་སྒོག་གཏུམ་མའི་རིགས་པ་ཡིན་མོད་ཀྱི། འོན་ཀྱང་རི་རབ་ཅིགགཅིག་གི་གོ་ས་ན་རི་རབ་གཉིས་ཡོད་པར་ཁས་བླངས་པ་ལ་སྐྱོན་མེད་[C:318]དེ། ཆོས་ཅན་ཡན་ག་བ་རེ་རེ་ལའང་ལྡོག་པའི་དབྱེ་བ་མཐའ་ཡས་པ་ཡོད་དོ། །ཞེས་གསུངས་སོ། །ཡང་ཁྱེད་ཀྱི་དཔེ་དོན་སྦྱོར་ལུགས་དེ་ལྟར་ན། རི་རབ་རི་རབ་གྲུ་བཞི་དང་ཟླུམ་པོ་གང་ཡང་མིན་ནམ། རླན་བཤེར་ཕོར་གང་པོ་བདུད་རྩི་དང་རྣག་ཁྲག་གང་ཡང་མིན་པས་ཤེས་གསུངས་པ་ན། ཆོས་ཐམས་ཅད་སེམས་ཀྱི་སྣང་བ་ཙམ་ཡིན་པར་ཤེས་ན་དེ་ཁོ་ན་ལྟར་ཁས་ལེན་དགོས་ཤེས་གསུངས་སོ། །དེར་ཐལ་ངག་ཏུ་སྦྱར་ནས། རི་རབ་ཟླུམ་པོ་ཡིན་པར་ཐལ། དེར་སྟོན་པའི་དུས་འཁོར་གྱི་ལུང་དེ་དཔྱད་གསུམ་གྱིས་དག་པའི་ལུང་རྣམ་དག་ཡིན་ཕྱིར། འདོད་ཟེར་བ་ལ་མིན་པར་ཐལ། དེ་གྲུ་བཞི་ཡིན་པའི་ཕྱིར་ཏེ། དེར་སྟོན་པའི་མངོན་པའི་གཞུང་དེ་དེའི་ཕྱིར། འཁོར་གསུམ་ཀ་ལ་ལན་མེད་དོ། །ཞེས་གསུངས་པས། ཁོང་ཅུང་ཟད་སྐྱེངས་ཤིང་ཚབ་ཚུབ་ཏུ་གྱུར་པ་ལ། ལྷ་ས་གཅིག་གི་གོ་ས་ན་ལྷ་ས་གཉིས་ཡོད་པར་ཐལ། རི་རབ་གཅིག་གི་གོ་ས་ན་རི་རབ་གཉིས་ཡོད་པའི་ཕྱིར། ཇོ་ཤག་གཅིག་གི་གོ་ས་ན་ཇོ་ཤག་གཉིས་ཡོད་པར་ཐལ། དེའི་ཕྱིར། ལྷ་སའི་ཇོ་བོ་ཤཱཀྱ་ལ་བཞུགས་པའི་སྐུ་གཅིག་དང༌། བཞེངས་པའི་སྐུ་གཅིག་སྟེ་གཉིས་ཀྱི་