R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༣༡ན
[A:༣༡ན]ཆ་ཡོད་པར་ཐལ། རི་རབ་ལ་ཟླུམ་པོའི་ཆ་གཅིག་དང་གྲུ་བཞིའི་ཆ་གཅིག་སྟེ་གཉིས་ཡོད་པའི་ཕྱིར། ཞེས་སོགས་རིགས་པའི་གནམ་ལྕགས་ཀྱི་ཕྲེང་བ་ཟད་པ་མེད་པ་ལོག་རྟོག་རི་མགོར་འཕེན་པར་མཛད་པས། སྔར་རྒོལ་གྱི་སྤོབས་པ་ཕྲོགས་ཏེ་ལན་གྱི་དབུལ་བར་བྱས་པས། ཁྱེད་ཀྱི་ཐལ་འགྱུར་དེའི་ལན་ཨ་ཕོ་ར་པོ་བ་ལ་དྲིས་ནས་འདེབས་དགོས་པར་འདུག་གསུང་བ་སོགས་ཆམ་སྐྱུར༌[B:༦༠] གྱི་ཚུལ་དུ་ཆོས་དང་མི་མཐུན་པའི་ལན་འདེབས་པ་ལ་ཞུགས་པ་[C:319]ན། རྩོད་པ་ལས་རྒྱལ་བའི་རྒྱལ་རྔ་ཀུན་ལ་སྒྲོག་པའི་དོན་དུ་ཐལ་སྐད་མང་དུ་སྒྲགསབསྒྲགས་ཤིང་། སྐུའི་རྣམ་འགྱུར་འགྱིང་བག་དང་ལྡན་པར་བཞེངས་པ་ན། སྔར་རྒོལ་བའི་ཐུགས་རྒྱུད་ཞེ་སྔང་གིས་ཚིག་ནས། "ཁྱོད་ཀྱི་བསྙེན་པར་རྫོགས་པའི་མཁན་པོ་ང་ཡིན་པས། བླ་མ་ལ་སྲིད་ཞུ་དོར་ནས་ཐུབ་ཚོད་ཀྱི་སྤྱོད་པ་འདི་ལྟ་བུས་ངན་སོང་མ་སྒྲུབ་ཅིག"་ཅེས་པ་ལ་སོགས་པའི་ཚིག་རྩུབ་མོ་སྨྲ་བ་ལ་ཞུགས་པ་ན། "བདག་བསྙེན་པར་རྫོགས་པའི་དུས་དང་གནས་ནི་འདིའོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་པོའི་མཚན་འདི་སྐད་དོ། །ལས་བྱེད་པའི་སློབ་དཔོན་དང་གསངས་ཏེགསང་སྟེ་སྟོན་པའི་སློབ་དཔོན་ནི་འདིའོ"། ཞེས་དལ་བུས་གསུངས་པ་ན་ལན་གྱིས་དབེན་པས༌། "དྭགས་པོ་མིག་པོ་ཆེ་བྱ་བ་བསྙེན་པར་རྫོགས་པའི་མཁན་པོ་བྱས་པ་དང་ནོར་བ་ཡིན"། ཞེས་བྱ་བའི་མདོངས་གསོལ་གསུངས་ཀྱང་ཚིག་རང་ག་བའི་སྨྲ་བ་ཙམ་ལ་ཡང༌། ཟོལ་སྦྱོར་དང་ཚེར་མ་དེ་ཙམ་འཆགས་ན། རྒྱལ་བའི་གསུང་རབ་ཀྱི་ཚིག་དོན་ལ་ལྟ་སྨོས་ཀྱང་ཅི་ཞིག་འཚལ་བར་ཀུན་གྱི་ངེས་ཤེས་འདྲོངས་པར་བྱས་སོ། ། རིགས་པའི་གནམ་ལྕགས་ལེགས་བཤད་གློག་ཕྲེང་ཅན། ། ཐལ་ངག་འབྲུག་སྒྲ་དྲག་པོས་ངེས་དྲངས་ཏེ། ། རྒོལ་བ་ངན་