[A:༣བ]བའི་ཡུལ་ལ་གཟིགས་པ་སྟེ། གཟིགས་པ་རྣམ་པ་བདུན་ལ་དགོངས་ནས་ལྷ་དང་རིག་པ་འཛིན་པ་དག་གིས་ཉེ་བར་བསྟེན༌[B:༡༢] ། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མདུན་བསྡརབདར། དཔའ་བོ་དང་ཌཱ་ཀི་དུ་མས་རྗེས་བཞིན་དུ་འབྲང༌། རྡོ་རྗེའི་ཆོས་སྐྱོང་བ་རྣམས་དང་དཀར་པོའི་ཕྱོགས་ལ་དགའ་བ་རྣམས་ཀྱིས་སྔུན་ནས་བསུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་སྤྲིན་གྱི་ཕུང་པོ་ལྟར་གཏིབས་པས་བྱིན་གྱིས་བརློབབརླབས། ལྷའི་བུ་དང་བུ་མོ་གྲངས་མེད་པས་སྣ་ཚོགས་[C:260]པའི་མཆོད་སྤྲིན་སྤྲོ་བ་དང་བཅས་པས། འཇའ་དང་འོད་ཀྱི་ལམ་ནས་ཡུམ་གྱི་མངལ་དག་པ་ལྷའི་གཞལ་ཡས་ཀྱི་ཁང་པར་གཤེགས་པར་མཛད་དོ། །
རིགས་རུས་ཆོ་འབྲང་གདུལ་བྱའི་དུས་དང་ནི། །
ཡབ་ཡུམ་ཡུལ་གྱི་མཆོག་དང་རྣམ་བདུན་ལ། །
གཟིགས་ནས་ལྷ་སྲས་གཞོན་ནུའི་ཚུལ་གྱིས་ནི། །
ཁྱོད་སྐུ་ལྷུམས་སུ་ཞུགས་པའི་མཛད་པ་བསྟན། །
དམ་པ་ཏོག་དཀར་ལྷ་ལས་འཕོས་པའི་ཚེ། །
གཟིགས་པ་ལྔ་ཡིས་འགྲོ་བའི་དོན་མཛད་ན། །
རྒྱལ་བའི་སྲས་པོ་གཟིགས་པ་བདུན་ལྡན་ཁྱོད། །
ཕུལ་བྱུང་ངོ་མཚར་གནས་སུ་བདག་གིས་འཁུམས། །
དེའི་ཚེ་ཡུམ་གྱི་རྣལ་ལམ་དུ། རྗེ་བོ་སྟེང་ཞེས་བྱ་བའི་འོད་གླིང་ཆེན་པོ་དཔལ་སྒང་མེ་ཏོག་གིས་སེར་ལྟེམ་གྱིས་གང་བའི་ནང་ན། ཕྱག་འདེབས་ཀྱི་ཞིང་འོལ་མོ་གོང་མ་བྱ་བ་ནས་ཀྱི་ལོ་ཤིན་ཏུ་ལེགས་པ་སྲུབས་ཐོལ་རུམ་པའི་དབུས་ན་ཡུམ་ཉིད་བཞུགས་པའི་མདུན་གྱི་ནམ་མཁའ་ལ་ཉི་མ་དང་ཟླ་བ་སྐར་མ་གསུམ་ཀ་ལྷན་ཅིག་ཏུ་ཤར་བས་ངོ་མཚར་བའི་གཏམ་གླེང་བའི་མོད་ལ་ཉི་མ་དེ་ཉིད་ཁར་ཟོས་ནས་ཁོང་དུ་མིད་པ་སྙམ་བྱེད་པའི་ངང་དུ་རྣལ་སད་པ་ན་ཉི་མའི་དཀྱིལ་འཁོར་ཤར་རིའི་