[A:༤༠བ]བེས་ཐུབ་པ་དཀར་མོ་ཉིད་ལ་རྟེན་གཙོ་འབྱུང་བར་བཞེངས་པས། ལྷ་བཟོ་བ་ལ་ལྷ་ཆེན་མི་ཤེས་པའི་ཟོལ་གྱིས་མར་མེ་མཛད་དང་བྱམས་པའི་སྐུ་རེ་སྒྲུབསབསྒྲུབས་ལ་ཐུབ་པ་དཀར་མོ་དང་དུས་གསུམ་སངས་རྒྱས་གསུམ་སྒྲིབས་སུ་བཞུགས་པའི་ཐབས་མཁས་གྱིསཀྱིས་ཤིག་པའི་ཞལ་ཏ་གནང་བ་ཡིད་ལ་མནགས་ཏེ། དེ་ཙམ་པའི་ལྷ་ཆེན་པོ་བཞེང་མི་ཤེས་པ་སོགས་ཀྱི་སྐྱོན་ཡོན་ཞུས་པ་ན།
བདག་ཉིད་ཆེན་པོ་འདིས་ཞི་བའི་བཀའ་ལུང་ཇི་ལྟར་བསྩལ་ཀྱང༌། ལྷ་བཟོ་བ་གྱ་གྱུའི་བསམ་པ་གཞིག༌[B:༧༧] པར་མ་ཐུབ་པས། གནད་ལ་དབབ་པའི་ཕྱིར་དུ། ང་རང་གི་མཁའ་འགྲོ་ཆོས་སྐྱོང་གིས་ལྷ་ཆེན་པོ་བཞེང་པར་ཡོད། ཁྱོད་རང་རུས་ཤིང་ཚུགས་གསུངས་པ་ལ། རུས་ཤིང་ཀྱངཡང་མཁའ་འགྲོ་ཆོས་[C:340]སྐྱོང་ཉིད་ལ་འཛུགས་འཇུག་པར་ཞུ་བ་སོགས་མ་རངས་པའི་ཚིག་གྱ་ཚོམས་སུ་གསོལ་བས་ཅུང་ཟད་འགྱངས་པ་ན། ཕྱོགས་ཕྱོགས་རྣམས་སུ་ཅོལ་སྒྲོག་ལ་དགའ་བ་དག་གིས་ལྷ་བཟོ་བ་རི་བོ་དགེ་ལྡན་པ་ལ་ཞེན་ཆེ་བས། དཔོན་སློབ་གྲུབ་མཐའི་ཆགས་ལྡང་གིས་མ་དུམས་པར་ལྷ་ཆེན་བཤོལ་བ་ལས་ཐབས་མི་འདུག་ཟེར་བ་ལ་སོགས་པའི་མི་སྙན་པ་སྒྲོག་པར་གྱུར་ཀྱང༌། རྡོ་རྗེའི་ཆོས་སྐྱོང་བ་རྣམས་ཀྱི་འཕྲིན་ལས་ཀྱི་མཐའ་མ་བརྟུལ་བའི་དབང་གིས་ལྷ་བཟོ་བ་ལ་མི་འཚམ་བའི་རྨི་ལམ་འཇིགས་སུ་རུང་བ་དག་ཤར་ནས། བཀའ་བཞིན་འཚལ་བར་གསོལ་ཏེ། ཟླ་བ་དགུ་པའི་ཚེས་ཉི་ཤུའི་ཉིན་ལྷ་བཟོ་བས་མཐོ་གང་སྤར་བ་དང་བཅས་པའི་རུས་ཤིང་བཙུགབཙུགས་པས། རུས་ཤིང་ལ་འཇའ་ཟུག་པ་སོགས་ཡ་མཚན་པའི་རྟགས་དུ་མ་བྱུང་བ་ནས་རིམ་གྱིས་བསྒྲུབས། བཟོ་ཕུད་གྱིཀྱི་རྣལ་འབྱོར་དབང་ཕྱུག་ལུགས་བཏང་དུས་མེ་ཏོག་གི་ཆར་ལག་པས་འཛིན་ཐུབ་པ་བབས། བྲད་བདར་ཚར་བ་ལྟར་འཇམ་ཞིང་འཇའ་ཚོན་ཁ་དོག་སྣ་ལྔས་ཀླུབསབཀླུབས་པས་ཡིད་འཕྲོག་པར་བྱོན་པ། ལྷ་བཟོ་བས་དེ་ཉིད་བཞུགས་