[A:༤༡ན]པར་གསོལ་ཡང་མ་གནང༌། གསེར་གཙོ་མ་དང་གཡུ་འཕྲ་དཔག་ཏུ་མེད་པས་བརྒྱན་པར་མཛད། གནས་དེ་ཉིད་ཀྱི་ལྕོང་བྱེ་མའི་དཀྱིལ་དུ་ལྷུང་བ་ལ་རྒྱུ་མཛད༌། ཟངས་ཁལ་ཉེར་ཅིག་བསྣན་ཏེ་གཙུག་ལག་ཁང་དེའི་རྟེན་གཙོ་ཐུབ་དབང་གི་སྐུ་རྒྱབ་ཐོམཐོ་བཅུ་པ་ལི་དམར་ལ་གྲང་གསེར་གསོལ་བ་འདི་ཡང་ཞར་ལས་བཞེངས། ལྷ་ཆེན་གྱི་ལུགས་ཚར་རྗེས་ལྷུ་ཕྲལ་ནས་ཁྱོགས་ལ་བཏེག་སྟེ་ནཱ་ལེནྡྲར་དྲངས་ནས་བཟོ་འཕྲོ་ཚགས་སུ་བཙུད། སྤྲ་ཚིལ་གྱིས་མ་ལང་བས་ལུག་གི་ཚིལ་བུ་བཞུས་པ་དར་ལ་བརྩེགས་ནས་[C:341]འཁྱགས་སུ་བཅུག་པ་ལེགས་པར་བརྡུངས་ཏེ་སྤྲ་བཟོ་བྱས་པ་ལས། ཧ་ཅང༌[B:༧༨] ཐུག་ཆེས་པའི་དབང་གིས་ཟངས་ཁལ་དགུ་བརྒྱ་ལྷག་པ་ཙམ་སོང༌། སྐུ་གསེར་ལ་གསེར་ཞོ་བདུན་བརྒྱ་དང་སུམ་ཅུ། དངུལ་ཆུ་ཞོ་ཉིས་སྟོང་ཉི་བརྒྱ་སོགས་བཟོ་རྒྱུ་གཞན་ཡང་འཕངས་པ་མེད་པར་བཏང༌། གཏོང་བ་ལ་ལྷག་པར་གོམས་པས་ལྷ་བཟོ་བའི་ཡོན་རྫོངས་ལ་སོགས་པ་རྣམས་ནི་མི་བཟད་བའི་གཏེར་ལ་ལོངས་སྤྱོད་པ་ལྟར་སྙེ་ངོམས་པར་གནང་བས། ལུགས་སུ་བླུག་པའི་གསེར་སྐུ་ལ་གངས་ཅན་གྱི་ལྗོངས་ན་འདི་ལས་ཆེ་བ་མེད་པར་གྲགས་པའི་ཐུབ་དབང་གི་སྐུ་བྱིན་བརླབས་ཀྱི་གཟི་འོད་འབར་བ་འདི། ཁྱི་ལོ་ཟླ་བ་བཅུ་གཅིག་པའི་ནང་དུ་ཞབས་སུ་བྱོན། རིང་སྲེལ་རྣམ་པ་གསུམ་གྱིས་ཡོངས་སུ་གང་བར་མཛད་པ་སོགས་གཟུངས་བཞུགས་ཀྱི་ཡ་མཚན་བརྗོད་ཀྱི་མི་ལང་བ་ལ་སོགས་པ་རྣམས་ནི་དཀར་ཆག་ན་གསལ། དེའི་བཞུགས་གནས་ལ་གཙུག་ལག་ཁང་རྩེ་བསྒྲོན་ཏེ།
ཐོག་སོ་བཏོད་པ་ཐིགས་ཁང་དང་བཅས་པ་མཛད། འདུ་ཁང་གི་ཐོག་ཀྱང་ཕྱོགས་སྒོར་མོར་ཕུབ། ལོགས་བྲིས་སོགས་ཀྱིས་བརྒྱན་པར་མཛད་ནས་དངུལ་གདུང་ཀྱངཡང་གཙང་ཁང་དུ་སྤྱན་དྲངས། རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པ་རྗེ་ཉིད་ཀྱིས་