[A:༥༠ན]སྐུ་འདྲ་རིན་པོ་ཆེ་སྐུ་ཚད་དང་མཉམ་པའི་གསེར་སྐུ་མཐོང་བ་དོན་ལྡན་གཞེངས་ནས། སངས་རྒྱས་ཀྱི་འཕེལ་གདུང་སྟོང་ཕྲག་ལྷག་ཙམ་གོང་བུར་འདྲིལ་བའི་ངོ་མཚར་ཅན་དང༌། ཀུན་མཁྱེན་ཉིད་ཀྱི་དབུ་ཐོད་ཀྱི་དུམ་བུ་རིང་སྲེལ་ཤེལ་ལྟ་བུ་ཉེར་གཅིག་གིས་སྤྲས་པ་དང༌། གཞན་ཡང་སྐུ་གསུང་ཐུགས༌[B:༩༤] ཀྱི་རྟེན་དང༌། རིང་སྲེལ་རབ་ཏུ་མང་པོ། ཁུ་དབོན་རྗེས་མ་གཉིས་ཀྱི་གདུང་ཚ་གཙོ་བོར་གྱུར་བའི་རིང་སྲེལ་རྣམ་པ་གསུམ་གྱིས་བྱུར་པོར་གང་ཞིག་རབ་ཏུ་གནས་པ་ལན་མང་དུ་བྱས་པ་འདི་བཞེངས་སུ་གསོལ། སླད་དུ་ཡང་། བསྟན་པ་དང་སེམས་ཅན་ལ་ཕན་པར་འདོད་པའི་འདུན་པ་ཆེས་ཆེར་འཕེལ་བཞིན་པར་མཆིས་སོ། །
ཁྱོད་སྐུ་ཞི་བའི་ཁང་བཟང་རྩེར་འཁོད་[C:361]ཀྱང༌། །
འགྲོ་བློའི་ས་གཞི་ཨིནྟྲ་ནི་ལའི་ངོས། །
ངོ་མཚར་མཛད་པའི་རི་མོས་རྣམ་བཀྲ་བ། །
དེས་ནི་ཐར་པའི་ལམ་བཟང་གསལ་བར་བསྟན། །
ཁྱོད་གསུང་རབ་སྙན་ལྷ་ཡི་རྔ་བོ་ཆེ། །
སྐྱེ་དགུའི་ཡིད་ཀྱི་མཁའ་ལ་རབ་བསྒྲོགབསྒྲགས་པ། །
ཆོས་སྡོམ་རྣམ་བཞི་རིགས་པའི་འགྱུར་ཁུགས་ཅན། །
དེས་ནི་འགྲོ་ཀུན་བག་མེད་གཉིད་ལས་སློང༌། །
ཁྱོད་ཐུགས་སྙིང་རྗེ་ཆེན་པོའི་སྤྲིན་ཕུང་ལས། །
དམ་ཆོས་བདུད་རྩིའི་ཟིམ་ཆར་ཟབ་མོ་དེས། །
སྲིད་འདིར་ཕན་བདེའི་ལོ་ཐོག་རབ་རྒྱས་ཏེ། །
རྣམ་གྲོལ་འབྲས་བུའི་གཡུར་ཟ་ལྡེམ་པར་མཛད། །
ཚངས་དང་ཉི་མ་ནོར་བུ་ཇི་བཞིན་དུ། །
འབད་མེད་འཕྲིན་ལས་མཆོག་གི་འོད་ཟེར་ནི། །
མཁའ་ཁྱབ་མཁའ་ཡི་མཐའ་ལས་ཆེར་དགོངས་ཤིང༌། །
རྟག་ཏུ་ཕན་དགོངས་མངའ་བ་ཁྱོད་ལགས་སོ། །
དེ་དག་ནི་རྣམ་པར་འབྱུང་བའི་མཛད་པ་མཐའ་དག་ཡོངས་སུ་རྫོགས་ཤིང་འདི་ན་བྱ་བ་རྒྱུན་མི་འཆདཆད་པའི་ཚུལ་ཆེ་ལོང་ཙམ་བརྗོད་པའི་གཏམ་གྱི་སྦརྦ་རླབས་གྱེན་དུ་བསྐྱོད་པའི་རིམ་པའོ།། །།
མཇུག་བསྔོ་སྨོན་གྱིས་མཚམས་སྦྱར་བའི་གཏམ
དེ་ལྟར་ཡོན་ཏན་ནོར་བུས་ཡོངས་གང་